98553

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟོན་ཟླ་ར་བ་ (1)
Part of speech མིང་ཚིག
Definition སྟོན་ཟླ་གསུམ་གྱི་མགོ་མ་སྟེ། དེ་ནི་དུས་འཁོར་སྐར་རྩིས་པའི་ལུགས་ལ་ཉིན་སྣང་ལྟར་ཧོར་ཟླ་བརྒྱད་པ་དང་། བཻ་དཀར་ལྟར་ན་ཧོར་ཟླ་བདུན་པ། འབྱུང་རྩིས་པའི་ལུགས་འདི་ལ་ཧོར་ཟླ་སྤྲེལ་ཟླ་བཅས་ལ་ངོས་འཛིན་བྱེད་པ་ཡིན།
Domain རྩིས་རིག
སྟོན་ཟླ་ར་བ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། སྟོན་ཟླ་ར་བ་ཞེས་པ་ནི་དུས་ཚིགས་གསུམ་དུ་ཕྱེ་བའི་དབྱར་ཟླ་གཉིས་པ་དང་དོན་གཅིག་ཡིན། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དབྱར་ཟླ་གཉིས་པ་དང་། བཞིར་ཕྱེ་བའི་སྟོན་ཟླ་ར་བ་དོན་གཅིག་པ་དེའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་སྟོན་ཉིན་མཚན་མཉམ་པ་འབྱུང་བས། ཕྱི་ཉིན་ཚེས་དགུ་ནས་མཚན་མོ་རིང་དུ་འགྲོ་བ་དང་། དེ་བཞིན་དུ་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དགུན་ཟླ་བཞི་པ་དང་། བཞིར་ཕྱེ་བའི་དཔྱིད་ཟླ་ར་བ་དོན་གཅིག་པ་དེའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་དཔྱིད་ཉིན་མཚན་མཉམ་པ་འབྱུང་བས། ཕྱི་ཉིན་ཚེས་དགུ་ནས་མཚན་མོ་ཐུང་དུ་འགྲོ་ཞིང་ཉིན་མོ་དེ་ལས་བཟློག་པ་སྟེ་རིང་དུ་འགྲོ་ཞེས་བསྟན་པའི་ཕྱིར། མཛོད་འགྲེལ་དག་པ་རྣམས་ལས། ཉི་མ་འགྲོས་ཀྱི་བྱེ༌བྲག་ལས་འདིར་ནི་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་དུ་འགྱུར་ཏེ། དེ་ལ་དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ་ཡར་ངོའི་ཚེས་དགུ་ནས་མཚན་མོ་རིང་ངོ་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་དེ་བཞིན་དུ། །དགུན་རྣམས་ཀྱི་ཟླ་བ་བཞི་པའི་ཐ་མའི་ཚེས་དགུ་ནས་ཐུང་དུ་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་སོ། །ཉིན་མོ་བཟློག ། གང་གི་ཚེ་མཚན་མོ་རིང་བ་དེའི་ཚེ་ཉིན་མོ་ཐུང་བར་འགྱུར་རོ། །གང་གི་ཚེ་མཚན་མོ་ཐུང་བ་དེའི་ཚེ་ཉིན་མོ་རིང་བར་འགྱུར་རོ་ཞེས་དང་། དོན་གསལ་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། ཞེས་བྱ་བ་ནི་དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་བཞི་ཡིན་ལ། ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ། དེ་ལ་སྟོན་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །དགུན་རྣམས་ཀྱི་ནི་བཞི་པ་ལ་ཐུང་ངུར་འགྱུར་རོ་ཞེས་བྱ་བ་ནི་དགུན་གྱི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་གི་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་ཡིན་ཏེ། དེ་ལ་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་ཐུང་དུ་འགྱུར་རོ་ཞེས་གསུངས་པ་རྣམས་ལས་ལེགས་པར་གྲུབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།