98573

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་བྱུང་བ་སྟེ། ༡ ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་གནས་སྤྱོད་པ་དང་། ལེགས་ཉེས་རབ་ཏུ་ཤེས་པ། ༢ སེམས་ཅན་ཐམས་ཅད་ཀྱི་ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི་ཆོས་ལ་གཟུད་པར་བྱེད་པ། ༣ སེམས་ཅན་ཐམས་ཅད་ཀྱི་འཁོར་བར་འཁོར་བ་དག་གིས་ལས་ཀྱི་རྐྱེན་རྣམས་ཡང་དག་པར་ཇི་ལྟ་བ་ཞིན་དུ་རབ་ཏུ་ཤེས་པ། ༤ སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། རང་བཞིན་རྣམ་པ་གསུམ་ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པར་འབྱེད་ཅིང་ཁོང་དུ་ཆུད་པར་བྱེད་པ། ༥ སེམས་ཅན་ཐམས་ཅད་ལ་ཚུལ་བཞིན་དུ་ཡང་དག་པར་བསྟན་ནས་དགེ་བའི་རྩ་བ་བསྐྱེད་དེ། ཡོངས་སུ་སྨིན་པར་བྱས་ནས་ཡེ་ཤེས་ཀྱི་སྟོབས་ཀྱིས་ཡོངས་སུ་སྒྲོལ་བ་གང་ཡིན་པའོ། །
Domain ཆོས་ལུགས།