From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྟོབས་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
ཞི་གནས་ཀྱི་སྐབས་སེམས་གནས་དགུ་འགྲུབ་པ་བྱེད་པའི་ཐབས་ཤིག་སྟེ། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། འདྲིས་པའི་སྟོབས་བཅས་དྲུག
|
| Domain
|
ཆོས་ལུགས།
|
སྟོབས་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག སེམས་གནས་དགུ་སྟོབས་དྲུག་གིས་འགྲུབ་པ་ཡིན་ཏེ། ཐོས་པའི་སྟོབས་ཀྱིས་འཇོག་པ་དང་། བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པ་དང། དྲན་པའི་སྟོབས་ཀྱིས་བསླན་ཏེ་འཇོག་པ་དང་ཉེ་བར་འཇོག་པ་གཉིས། ཤེས་བཞིན་གྱི་སྟོབས་ཀྱིས་འདུལ་བྱེད་ཞི་བྱེད་གཉིས། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཉེར་ཞི་དང་རྒྱུད་གཅིག་གཉིས། འདྲེས་པའི་སྟོབས་ཀྱིས་དགུ་པ་མཉམ་པར་འཇོག་པ་འགྲུབ་བོ། ། མ་ཧཱ་ཡོ་ག སྟོབས་དྲུག་ནི། བསམ་གཏན་མི་འགྲུབ་པའི་ཉེས་པ་ལྔ་སྤོང་བྱེད་ཀྱི་གཉེན་པོ་བརྒྱད་བསྟེན་སྐབས་སུ་ལྡན་དགོས་པའི་ནུས་པ་སྟེ། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཡོངས་སུ་འདྲིས་པའི་སྟོབས་བཅས་དྲུག་གོ ། དེ་ཡང་། འོད་གསལ་སྙིང་པོ་ལས། (ཉེས་པ་སྤོང་བའི་གཉེན་པོ་བརྒྱད་བསྟེན་པའི་)ཚུལ་དེ་ལྟ་བུས་ཏིང་འཛིན་བསྒྲུབ་པ་ལ་སྟོབས་དྲུག་དང་ལྡན་དགོས་ལ། དེ་ནི། ཐོས་པ། བསམ་པ། དྲན་པ། ཤེས་བཞིན། བརྩོན་འགྲུས། ཡོངས་སུ་འདྲིས་པའི་སྟོབས་སོ། །ཞེས་གསུངས་སོ། །
|