98928

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡུད་པའི་སྒྲ་ (1)
Part of speech མིང་ཚིག
Definition གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ་དང་། ད་དྲག་གི་དབང་གིས་ཐོབ་པའི་ཏམ་བཅས་བཅུ་གཅིག་པོ་དེ་རྣམས། ཕྱོགས་གཅིག་ཏུ་སྡུད་པ་དང་། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱར་བ་སྡུད་པ། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པ་བཅས་ལ་འཇུག་ཅིང་། དེ་དག་གི་སྦྱོར་ཚུལ་ནི། རྗེས་འཇུག་སོ་སོར་རང་རང་ལ་མ་ཡིག་སྦྱར་བ་ཉིད་འཇུག་པ་དང་། མཐའ་མེད་ཀྱི་མཐའ་ལ་འམ་དང་། ད་དྲག་ཅན་གྱི་མཐའ་ལ་ཏམ་འཇུག་སྟེ། བཅག་གམ། མཐོང་ངམ། སྤྲོད་དམ། དྲན་ནམ། གཏུབ་བམ། འཇམ་མམ། མཐོའམ། དམའམ། དཀར་རམ། འགལ་ལམ། བྲོས་སམ། འཛིནད་ཏམ། གྱུརད་ཏམ། སྩལད་ཏམ་ལྟ་བུ། དང་པོ་ཕྱོགས་གཅིག་ཏུ་སྡུད་པ་ནི།
Example འབྲིའམ། གཡག་གམ། རྟའམ། ལུག་གམ། དྲེལ་ལམ། མཛོའམ། མཛོ་མོ་ཡང་སྒོ་ཕྱུགས་བཟང་པོ་ཞིག་གོ།
Domain སྒྲ་རིག་པ།
སྡུད་པའི་སྒྲ་ (2)
Part of speech མིང་ཚིག
Definition ནས་སྒྲ་ནི། ཡུལ་སྡུད་པ། དུས་སྡུད་པ། གྲངས་སྡུད་པ་བཅས་ལ་འཇུག་ཅིང་། དེའི་སྦྱོར་ཚུལ་ནི། ཕྲད་རང་དབང་ཅན་ཡིན་པས་གང་བདེར་སྦྱར་ཆོག
Example ལྷ་ས་ནས་ཨ་མདོའི་བར། དབུས་ནས་གཙང་གི་བར། ཁམས་ནས་ཨ་མདོའི་བར། རྒྱ་གར་ནས་བོད་ཀྱི་བར་ལྟ་བུ་ཡུལ་སྡུད་པ་དང་། གཅིག་ནས་བཅུའི་བར། གཅིག་ནས་བརྒྱའི་བར་ལྟ་བུ་གྲངས་སྡུད་པ་དང་། སོས་ཀ་ནས་སྟོན་ཀའི་བར། སྔ་དྲོ་ནས་ཕྱི་དྲོའི་བར་ལྟ་བུ་དུས་སྡུད་པའོ། །
སྡུད་པའི་སྒྲ་ (3)
Part of speech མིང་ཚིག
Definition ཀྱང་འང་ཡང་གསུམ་ནི། གཞི་མཐུན་སྡུད་པ། གོང་མས་འོག་མ་སྡུད་པ། འོག་མས་གོང་མ་སྡུད་པ་བཅས་ལ་འཇུག་པ་དང་། སྦྱོར་ཚུལ་ནི། རྗེས་འཇུག་ག་ད་བ་ས་དང་། ད་དྲག་ཅན་གྱི་མཐར་ཀྱང་དང་། འ་མཐའ་ཡོད་མེད་གཉིས་ལ་འང་། ང་མ་ན་ར་ལ་བཅས་ཀྱི་མཐའ་ལ་ཡང་གི་སྒྲ་སྦྱོར་དགོས། གཞི་མཐུན་སྡུད་པ་ནི།
Example རྒྱ་སྐད་མ་ཟད། ཨིན་སྐད་ཀྱང་ཤེས། རྒྱ་ཡིག་མ་ཟད། ཨིན་ཡིག་ཀྱང་སྦྱངས་ལྟ་བུ།
སྡུད་པའི་སྒྲ་ (4)
Part of speech མིང་ཚིག
Definition དང་སྒྲ། ཕྱོགས་གཅིག་ཏུ་སྡུད་པ། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱོར་བ་སྡུད་པ། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པ་གསུམ། འབྲི་དང་། གཡག་དང་། མཛོ་དང་། མཛོ་མོ་དང་། རྟ་དང་། དྲེལ་དང་། བ་དང་། གླང་དང་། ར་དང་། ལུག་དང་། ཕག་རྣམས་སྒོ་ཕྱུགས་སོ། །ལྟ་བུ་ཕྱོགས་གཅིག་ཏུ་སྡུད་པའོ། ། ཏིང་ཤགས་ལས་སྙན་པའི་སྒྲ་འབྱིན་ཏེ། གླིང་བུ་དང་། པི་ཝང་ཡང་ངོ་ལྟ་བུ་སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱོར་བ་སྡུད་པ། ཏིང་ཤགས་དང་། གླིང་བུ་དང་། པི་ཝང་ལས་ཀྱང་སྙན་པའི་སྒྲ་འབྱིན་ནོ་ལྟ་བུ་ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པའོ། །