98945

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡེ་ཁྲི་རྗེ་ (1)
Part of speech མིང་ཚིག
Definition སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་ནི། མདོ་སྨད་རྩེ་གཞུང་དུ་ཧ་ཐོན་མདའ་ཚན་གྱི་དགེ་འདུན་བནྡེ་ཟེར་བའི་ཚ་བོར་རབ་བྱུང་བཅུ་གསུམ་པའི་ས་ཕག་ ཕྱི་ལོ་༡༧༡༩ ལོར་སྐུ་འཁྲུངས། དགུང་ལོ་ལྔ་པ་ཆུ་ཡོས་ལོར་སྐྱབས་མགོན་མཆོག་གིས་སྐུ་གོང་མ་འཇིགས་མེད་ལུང་རིགས་རྒྱ་མཚོའི་སྤྲུལ་སྐུར་ངོས་བཟུང་། ཤིང་འབྲུག་ལོར་གདན་སར་བཀོད། སྐྱབས་མགོན་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་རབ་ཏུ་བྱུང་། དཔའ་རིས་དགེ་བཤེས་འཇིགས་མེད་དམ་ཆོས་དགེ་རྒན་དུ་བསྟེན། ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བཅུ་གཅིག་པར་ཆོས་གྲྭར་ཞུགས། དགའ་ལྡན་རབ་འབྱམས་པ་དང་། རྐང་ཚ་དཀའ་བཅུ་པ་གཉིས་རིམ་གྱིས་དགེ་རྒན་དུ་བསྟེན་ནས་རིགས་ལམ་སྦྱངས། བཅུ་བཞི་པར་གུང་ཐང་འཇམ་པའི་དབྱངས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། རྗེ་འདི་ལས་ལམ་རིམ་ཆུང་ངུའི་འགྲེལ་པ་དོན་གསལ་གྱི་སྟེང་ནས་མདོ་རྒྱན་སྦྱར་བའི་གཟབ་བཤད་སོགས་སྤྱི་ཆོས་དང་། ཟུར་ཆོས་དབང་རྗེས་གནང་མང་པོ་དང་བདེ་ལམ་གྱི་ཁྲིད་གསན། གཞན་ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་། རྗེ་འཇིགས་མེད་རིག་པའི་སེང་གེ། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། སྒོ་མང་མཁན་པོ་བློ་བཟང་ཆོས་དར། དཔའ་རིས་དཀོན་མཆོག་བདེ་ཆེན་སོགས་དམ་པ་མང་པོ་ལས་ཟབ་ཆོས་མཐའ་ཡས་པ་གསན། དགུང་ལོ་ཉི་ཤུ་པ་ས་རྟ ཕྱི་ལོ་༡༧༩༨ལོར་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། དུས་འཁོར་དཔོན་སློབ་ངག་དབང་དོན་གྲུབ་ལས་དུས་འཁོར་གྱི་དབང་གསན་ཏེ་བཤད་སྒྲུབ་ཀྱི་སྲོལ་མི་ནུབ་པའི་རྒྱལ་མཚན་བསྒྲེངས། དགུང་ལོ་ཉེར་བདུན་པ་ཤིང་གླང་ཕྱི་ལོ་༡༨༠༥ལོར་ཚ་གན་བེ་ཤིང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས། དགུང་ལོ་ཞེ་བཞི་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་ ཕྱི་ལོ་༡༨༢༢ལོར་གདན་སར་ཆིབས་ཁ་བསྒྱུར། ཤིང་སྤྲེལ་ཕྱི་ལོ་༡༨༢༤ལོར་ཀུན་མཁྱེན་མཆོག་གི་བཀས་བླ་བྲང་ཚོགས་ཆེན་གྱི་ཁྲིར་མངའ་གསོལ། ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ། སྔ་ཕྱིར་རོང་པོ་དགོན་ཆེན་གྱི་དུས་འཁོར་གྲྭ་ཚང་དང་ཆུ་བཟང་དགོན་དུ་དུས་འཁོར་གྱི་དབང་གནང་། ལྕགས་བྱི་ཕྱི་ལོ་༡༨༤༠ལོར་ཆོས་འཁོར་སྒར་ཤེར་ཕྱིན་གླིང་གསར་འདེབས་མཛད། དེ་ནས་སླར་ཡང་རྒྱ་ནག་ཏུ་ཕེབས་ཏེ་ཏི་བོ་རྩེ་ལྔར་ཡུན་རིང་བཞུགས། དགུང་ལོ་རེ་བརྒྱད་པ་མེ་རྟ་ཕྱི་ལོ་༡༨༤༦ལོར་ཕྱིར་གདན་སར་ཕེབས། ཕྱིས་སུ་རི་བོ་རྩེ་ལྔར་ཐེངས་གསུམ་ཕེབས་པ་དང་། ཕྱི་ལོགས་ནང་ལོགས་ཀྱི་དགོན་པ་མཆོད་གཞིས་དང་བཅས་པར་ཆོས་བཀའ་ཅི་རིགས་གནང་། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་དུ་མ་གསར་སྒྲུབ་མཛད་པ་སོགས་བསྟན་འགྲོར་གཅིག་ཏུ་སྨན་པའི་མཛད་བཟང་བསམ་གྱིས་མི་ཁྱབ། དགུང་ལོ་གྱ་བཞི་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ཕྱི་ལོ་༡༨༦༢ལོར་སྐུ་གཤེགས།

{{#arraymap:སྡེ་ཁྲི་རྗེ་

|; |@@@ | | }}