98963

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡེ་དཔོན་སུམ་ཅུ་ (1)
Part of speech མིང་ཚིག
Definition སྔགས། སྡེ་དཔོན་སུམ་ཅུ་ནི་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་དྲེགས་པ་ཅན་ཏེ། བཀའ་བརྒྱད་རྣམ་བཤད་ལས། འཇིག་རྟེན་འདི་ན་མཐུ་དང་སྟོབས་སུ་ལྡན་པའི་དྲེགས་པ་ཚད་མེད་པ་ཡོད་ཀྱང་དེ་དག་གི་གཙོ་བོ་སྡེ་དཔོན་ཆེན་པོ་སུམ་ཅུ་པོ་འདི་ནི་དྲེགས་པ་ཡོངས་ཀྱི་རྒྱལ་པོ་ཡིན་ལ། དཔལ་ཆེན་པོའི་བཀའ་ཉན་ཅིང་རྣལ་འབྱོར་པའི་གྲོགས་བྱེད་པར་ཁས་བླངས་པའི་རྡོ་རྗེའི་ཐ་ཚིག་ལས་ནམ་ཡང་མི་འདའ་བས་འདི་དག་ནི་མཆོད་ཅིང་བརྟེན་པར་བྱས་ན་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ལ་མྱུར་ཞིང༌། མཐར་ཐུག་གི་དངོས་གྲུབ་སྒྲུབ་པའི་གྲོགས་སུ་འགྱུར་བ་ཡིན། ཞེས་གསུངས། འདི་དག་དག་ལ། དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། སྡེ་དཔོན་ཆེན་པོ་སུམ་ཅུ་ཡང་ཟེར་ཏེ། རྡོ་རྗེ་ཆོས་སྲུང་རྣམས་ཀྱི་སྐྱེས་རབས་དཔལ་ཆེན་རྔམས་པའི་ཆོ་འཕྲུལ་ལས། ༡ དབང་ཕྱུག་ཆེན་པོ། ༢ ཨུམཱདེཝཱི། ༣ འཆི་བདག་གཤིན་རྗེ་ནག་པོ། ༤ སྐྱེ་འགྲོ་སྲོག་གི་བདག་མོ། ༥ སྲིད་པའི་རྒྱལ་མོ། ༦ ཨེཀཛཱཊི། ༧ བསྐོས་རྗེ་བྲང་དཀར། ༨ བདུད་མོ་རེམཏཱི། ༩ པེཧར། ༡༠ ཚངས་པ། ༡༡ རྡོ་རྗེ་ལེགས་པ། ༡༢ ཁྱབ་འཇུག ༡༣ རཀྵ་ཐོད་འཕྲེང་། ༡༤ སྦལ་མགོ་ཁྲག་མིག ༡༥ ཡཀྵ་མེ་དབལ། ༡༦ མོན་མོ་ནག་མོ། ༡༧ མགོན་པོ་མཧཱཀཱལ། ༡༨ ཞང་བློན་རྡོ་རྗེ་བདུད་འདུལ། ༡༩ བཀྲག་མེད་ཉི་ཤར། ༢༠ གུ་ལང་ནག་པོ། ༢༡ ཡར་ལྷ་ཤམ་པོ། ༢༢ གནམ་སྨན་ཐོག་གི་བུ་ཡུག ༢༣ སྤྱི་བདུད་གུ་རུམ་རྩེ། ༢༤ བྲག་བཙན་སྲོག་གཟན་དམར་པོ། ༢༥ གནམ་ཐེའུ་དཀར་པོ། ༢༦ ཡམ་ཤུད་དམར་པོ། ༢༧ བིནཡག ༢༨ ནག་པོ་མགྱོགས་བྱེད། ༢༩ ཀླུ་བདུད་མགོ་དགུ། ༣༠ ཀླུ་མོ་ཡཀྵ་ནག་མོ་སྟེ་དྲེགས་པའི་སྡེ་དཔོན་སུམ་ཅུ། ཞེས་དང་། གཤིན་རྗེ་ཡམརཱཛ་སོགས་སྡེ་དཔོན་སུམ་ཅུ་ནི་ནུབ་བྱང་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ་གཏོགས་པ་དང་། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་གི་མཚམས་སྦྱོར་ལས་འབྱུང་བ་ལྟར་དྲེགས་པའི་སྡེ་དཔོན་སུམ་ཅུ་ནི། དབང་ཕྱུག ཨུམཱ། ཡམ། སྒྲོལ་བྱེད། བསྐོས་རྗེ། རེཏཱི། ནཱག སྦལ་མགོ མེ་དབལ། གནོད་སྦྱིན་མོ་སྟེ་བཅུ་དང་། གཟའ་བདུད། གནམ་སྨན། ཀླུ་བདུད། ཡཀྵ་ནག་མོ་སྟེ་གནམ་ས་དབང་བྱེད་བཞི། གནམ་ཐེལ། ཤམ་པོ། མ་སངས་ཏེ་དཀར་མོ་སྡེ་གསུམ། ཨེཀཛཱཊི། སྲིད་པའི་རྒྱལ་མོ། མགྱོགས་བྱེད་མ་སྟེ་ནག་མོ་སྡེ་གསུམ། སྲོག་གཟན། རྡོ་རྗེ་བདུད་འདུལ། ཡམ་ཤུད་དེ་དམར་པོ་སྡེ་གསུམ། གུ་ལང་། བིནཡག བཀྲག་མེད་ཉི་ཤར་སྟེ་ནག་པོ་སྡེ་གསུམ། ལས་མགོན། ཚངས་པ། ཁྱུང་ཆེན། དགྲ་ལྷ་སྟེ་སྒོ་སྲུང་བཞི་དང་བཅས་པ་རྣམས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྡེ་དཔོན་སུམ་ཅུ་

|; |@@@ | | }}