98975

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡེ་བ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གསུམ་པ་ས་མོ་ཕག་ཕྱི་ལོ་ ༡༧༧༩ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་སོག་རིགས་ཀ་འབུམ་སྨན་པ་ངག་དབང་ཕུན་ཚོགས་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། གདན་ས་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་གཉིས་ལ་མཁས་པར་སྦྱངས། ཆོས་འཁོར་སྒར་དང་དོ་ལོན་བུ་ལག་དགོན་གཉིས་གསར་འདེབས་མཛད། ཧར་ཆིན་བེ་ལོའི་དགོན་པར་དུས་འཁོར་གྲྭ་ཚང་བཙུགས། པེ་ཅིན་གཡུང་ཧོ་ཀོང་དུ་ལྕང་སྐྱ་རིན་པོ་ཆེ་དང་ཁྲི་རྒྱ་ནག་པའི་སྤྲུལ་སྐུ། ཨ་གྱཱ་ཧོ་ཐོག་ཐུ་སོགས་ལ་དུས་དབང་སོགས་གནང། བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་སུམ་ཅུ་པར་བཞུགས། མདོ་སྨད་ལྷོ་བྱང་གཉིས་དང་རྒྱ་སོག་གི་ཡུལ་གྲུ་དག་ཏུ་དབང་ལུང་མང་པོ་གནང་བས་ལྕང་སྐྱ་དང། ཐུའུ་བཀྭན། རོང་བོ་ཤར་སོགས་སློབ་མར་འདུས། དགུང་ལོ་གྱ་བཞི་པ་ཆུ་ཁྱི་ཕྱི་ལོ༡༨༦༢ལོར་སྐུ་གཤེགས། གསུང་རྩོམ་པོད་བརྒྱད་ལྷག་བཞུགས།

{{#arraymap:སྡེ་བ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་བསྟན་པའི་ཉི་མ་

|; |@@@ | | }}