98976

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡེ་བ་སྐུ་ཕྲེང་དང་པོ་བློ་བཟང་དོན་འགྲུབ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ཆུ་གླང་ཕྱི་ལོ་ ༡༦༧༣ ལོར་མདོ་སྨད་ཁྲི་ཁ་ལན་ཀྱོ་རུ་ཡབ་དགེ་བསྙེན་ཟེར་བའི་སྲས་སུ་འཁྲུངས། ལ་མོ་བདེ་ཆེན་དང་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་མཁས་པའི་གྲགས་པ་འབར། ཁོང་ཆོས་སྲིད་གང་ནས་མཁྱེན་རྒྱ་ཆེ་ཞིང་གཏིང་མི་དཔོག་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཞུང་གི་ཚོགས་འདུའི་གྲས་སུ་ནན་གྱིས་འཇོག་པ་གནང་པར་མ་ཟད་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་མདུན་པ་ཡང་བྱེད་དགོས་བྱུང། བཀྲ་ཤིས་སྒོ་མང་གི་སྡེ་པར་ཡུན་རིང་བཞུགས་ཤིང་རྒྱལ་པོ་ལྷ་བཟང་གི་ཐུགས་གཙིགས་ཆེ། དགུང་ལོ་སོ་བདུན་སྟེང་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ལྷན་མདོ་སྨད་དུ་ཕེབས་ཏེ་བཀྲ་ཤིས་འཁྱིལ་གསར་འདེབས་ལ་བྱས་རྗེས་ཆེ། དེ་གའི་ཁྲི་རབས་གསུམ་པ་གནང། དགུང་ལོ་དོན་བཞི་པ་མེ་སྟག་ཕྱི་ལོ་༡༧༤༦ལོར་དགོངས་པ་རྫོགས། གསུང་རྩོམ་རྩོམ་འཕྲོར་ལུས་པ་འཇམ་མགོན་ཁྲི་རིན་པོ་ཆེའི་རྣམ་ཐར་ཞིག་ཡོད་ཟེར།

{{#arraymap:སྡེ་བ་སྐུ་ཕྲེང་དང་པོ་བློ་བཟང་དོན་འགྲུབ་

|; |@@@ | | }}