98992

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་ (1)
Part of speech མིང་ཚིག
Definition རྙིང་མ། གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་ཚོགས་སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུང་རིང་ནས་བཏོན། སྲས་དབང་ཆེན་བཟང་པོས་ཆུ་མིག་དགོན་གསར་དུ་ཤོག་སེར་ལས་བཤུས། འདིའི་ནང་དོན་ལ། མ་འོངས་ཕྱི་མའི་དུས་སུ་རྒྱལ་བསེན་ཕོ་མོའི་གནོད་པས་སྐྱེ་བོ་རྣམས་ཀྱི་སྙིང་ལ་རྒྱལ་འགོང་ཞུགས་ནས་བསྒྲུབ་པ་ཚུལ་བཞིན་མི་བྱེད་པར་ལེ་ལོའི་དབང་དུ་ཤོར་བ་དང་དམ་ཚིག་ཚུལ་བཞིན་མི་བསྲུང་བ་སོགས་འབྱུང་བས། དེ་དག་བསྲུང་བར་བྱ་བའི་ཐབས་སུ་བྱ་སླ་ལ་བྱིན་རླབས་ཆེ་བའི་ཕྱག་རྟགས་དང་སྤྲིང་ཡིག་ལ་སོགས་པ་འབྱུང་པོའི་རྒྱུན་ལམ་གཅོད་པའི་ཐབས་ཀྱི་མན་ངག་རིགས་བསྟན།
Domain ཆོས་ལུགས།

{{#arraymap:སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་

|; |@@@ | | }}