98993

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡེ་བརྒྱད་དྲེགས་པའི་སྲོག་དབང་དམར་ནག་མེའི་ཕྲེང་བ་ཅན་ (1)
Part of speech མིང་ཚིག
Definition རྙིང་མ། བླ་མ་དྲག་པོའི་སྐོར་ལས། སྡེ་བརྒྱད་དྲེགས་པའི་སྲོག་དབང་དམར་ནག་མེའི་ཕྲེང་བ་ཅན། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཨོ་རྒྱན་དྲག་པོ་ཐོད་ཕྲེང་ལ༔ བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ རིན་ཆེན་གསེར་གཡུའི་མཎྜལ་ཕུལ༔ ལུས་ཀྱིས་མཉེས་པའི་ཞབས་ཐོག་བགྱིས༔ མ་འོངས་བནྡེ་བློ་ཆུང་དོན༔ ཡང་དང་ཡང་དུ་ནན་གྱིས་ཞུས༔ སྐལ་ལྡན་འགྲོ་འདུལ་གླིང་ལ་གཏད༔ བུ་མཆོག་ལྔ་ལས་མང་མི་སྩོལ༔ ཞེས་གསལ་བ་ལྟར། གཏེར་ཆེན་རཏྣ་གླིང་པའམ་འགྲོ་འདུལ་གླིང་པས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ནི། སྣང་སྲིད་ཀྱི་དྲེགས་པ་སྡེ་བརྒྱད་དབང་དུ་བསྡུས་ནས་དེ་དག་ལ་སྲོག་དབང་བསྐུར་ཚུལ་བསྟན།
Domain ཆོས་ལུགས།

{{#arraymap:སྡེ་བརྒྱད་དྲེགས་པའི་སྲོག་དབང་དམར་ནག་མེའི་ཕྲེང་བ་ཅན་

|; |@@@ | | }}