99058
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སྟག་ཚང་ལོ་ཙ་བས་བསྒྱུར་བ། སྟག་ཚང་པ་ཤེས་རབ་རིན་ཆེན་གྱིས་བསྒྱུར། བསྟན་འགྱུར་སྣ་ཚོགས་པོ་པར་བཞུགས། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས། ཆོས་ལྡན་ར་ཟ་བ་དང་། ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། སླད་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་བྱང་ཆུབ་རྩེ་མོའི་ཞལ་སྔ་ནས་བསྒྱུར་བ་ལས། སླར་ཡང་བླ་མ་དེ་ཉིད་དང་། སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་བསྐྱངས་པའི་དགེ་སློང་ནམ་མཁའ་བཟང་པོས་སྐད་གཉིས་སྨྲ་བའི་དབང་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཕྱག་བྲིས་ཀྱི་རྒྱ་དཔེ་ལ་གཏུགས་ནས། དཔལ་ཨེའི་ཆོས་གྲྭ་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་དག་པར་བགྱིས། ཟུར་མཆན། འདིོ་ནི་སྡེབ་སྦྱོར་མཚན་ཉིད་སྟོན་པའི་བསྟན་བཅོས་སོ། ། བུ་སྟོན་ཆོས་འབྱུང་དུ་འདི་དག་བཀའ་དགོངས་འགྲེལ་དུ་སྨྲ་བ་མང་མོད་ཀྱི་ཁོ་བོ་ནི་དེར་མི་བསམ་མོ། ། ཞེས་འཁོད། བསྟན་འགྱུར་སྒྲ་མདོ་ས་པར་བཞུགས། |
{{#arraymap:སྡེབ་སྦྱོར་རིན་ཆེན་འབྱུང་གནས་
|; |@@@ | | }}