99138

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་གསུམ་གནས་འགྱུར་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། སྔགས་སྡོམ་ལེན་ཚུལ་གསུམ་པ་བཞི་པ་ལྔ་པ་རྣམས་ལ་ནི་སྔགས་སྡོམ་ཐོབ་པའི་ཚེ་སྔར་གྱི་སྡོམ་པ་ཐམས་ཅད་སྔགས་སྡོམ་དུ་གནས་འགྱུར་པ་ཡིན་ཏེ། སྔར་བྱང་སེམས་དང་སོ་ཐར་ཐམས་ཅད་འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་མ་ཟིན་པ་ཡིན་པ་ལས་ཕྱིས་སྔགས་སྡོམ་ཐོབ་པའི་ཚེ་སྡོམ་པ་ཐམས་ཅད་ཀྱང་འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་ཟིན་པའི་སྡོམ་པར་འགྱུར་བའི་ཕྱིར་ཏེ། དེས་ན་སྔར་ཉན་ཐོས་ཀྱི་སོ་ཐར་དང་ལྡན་པས་སྔགས་སྡོམ་ཐོབ་པའི་ཚེ་གནས་འགྱུར་གཉིས་ཀ་ཚང་ལ་སྔར་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པས་དབང་བསྐུར་ཐོབ་པ་ལ་ནི་གནས་འགྱུར་ཕྱི་མ་ཁོ་ན་བརྩི་བར་རིག་པར་བྱའོ། །དེས་ན་ཉན་ཐོས་ཀྱི་སོ་ཐར་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་དང་། འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་མ་ཟིན་པའི་སོ་ཐར་དང་བྱང་སེམས་སྔགས་སྡོམ་དུ་གནས་འགྱུར་བ་ཡིན་གྱི་སྤྱིར་སོ་ཐར་ཙམ་ནི་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་ཡང་མ་ཡིན་ཅིང་ཐེག་ཆེན་གྱི་སོ་ཐར་ཡང་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་མ་ཡིན་ཏེ། བྱང་སེམས་ཀྱི་སྡོམ་པ་ལ་སོ་ཐར་གྱི་སྡོམ་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །རྒྱུད་ལས་གསུངས་པའི་གསེར་འགྱུར་གྱི་རྩིའི་དཔེ་ནི་སྡོམ་པ་གནས་འགྱུར་བ་དང་ངོ་བོ་གཅིག་པ་གཉིས་ཀའི་དཔེ་ཡིན་ཏེ། ལྕགས་དང་ཟངས་དང་དངུལ་གསུམ་པོ་གསེར་འགྱུར་གྱི་རྩིས་ཟིན་པ་ན་ལྕགས་ལ་སོགས་པའི་དངོས་པོ་ཐ་དད་པ་མེད་པར་ཐམས་ཅད་ཀྱང་གསེར་གྱི་ཕུང་པོ་འབའ་ཞིག་ཏུ་འགྱུར་བ་ལྟར་རིགས་ཅན་གསུམ་གྱི་བསླབ་པ་གསུམ་པོ་ཡང་སྔགས་སྡོམ་གྱིས་ཟིན་པ་ན་ཉན་ཐོས་ཀྱི་བསླབ་པ་ལ་སོགས་པ་ཐ་དད་པ་མེད་པར་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པའི་བསླབ་པ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་གསུམ་གནས་འགྱུར་

|; |@@@ | | }}