99139

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་གསུམ་འཁྲུལ་སྤོང་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ལ་དྲིས་ཤིང་རྩོད་པའི་ལན་སྡོམ་གསུམ་འཁྲུལ་སྤོང་ཞེས་བྱ་བ་མཁས་པའི་དབང་པོ་བསོད་ནམས་སེངྒེས་མཛད་པ། བརྗོད་བྱ་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ཀྱི་སྐབས་སོ་སོར་དྲིས་ཤིང་རྩོད་པའི་ལན་ཏེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དོགས་དྲི་བརྒྱ་དང་བཅོ་བརྒྱད་མཛད་པ་ལ། ལུང་དང་རིགས་པའི་སྒོ་ནས་ལན་དུ་བརྩམས་པའི་བསྟན་བཅོས་ཤིག་སྟེ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་སྟོན་པ་ཆོས་ཀྱི་དབྱིངས་སུ་བཞུགས་ནས་ལོ་སུམ་སྟོང་བརྒྱ་དང་བཅུ་ཐམ་པ་ལོན་པ། རབ་བྱུང་བརྒྱད་པའི་མེ་ཕོ་སྤྲེའུའི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ལ་(ཕྱི་ལོ་༡༤༧༦)རྟ་ནག་རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་མཛད་དོ། །

{{#arraymap:སྡོམ་གསུམ་འཁྲུལ་སྤོང་

|; |@@@ | | }}