99142

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་གསུམ་རབ་དབྱེ་བརྩམ་པའི་དམ་བཅའ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། བཤད་ཅེས་པ་དྲངས་ལ། ཡུལ་གང་ལ་ན། འགྲོ་བ་བཞི་ཡིས་ཆོས་ལས་མི་ཕྱེད་པའི་དད་པ་དང་ལྡན་པས་ཉམས་ལེན་སངས་རྒྱས་ཀྱི་གསུང་བཞིན་དུ་སྒྲུབ་པར་འདོད་ཀྱང་རང་ཉིད་ཀྱིས་ཇི་ལྟ་བ་བཞིན་མི་ཤེས་པ་དེ་ལའོ། །གང་ཟག་གང་གིས་ན་ས་སྐྱ་པཎྜི་ཏ་བདག་གིས་སོ། །ཚིག་གི་སྦྱོར་བ་ཅི་ལྟ་བུས་ན་མཁས་རྣམས་སོགས་སོ། །དགོས་པ་གང་གི་ཆེད་དུ་ན། བསྟན་པ་ལ་འཁྲུལ་པར་སྤྱད་པ་རྣམས་བཀག་ནས། བཤད་སྒྲུབ་སངས་རྒྱས་ཀྱི་གསུང་བཞིན་དུ་ཤེས་པའི་ཆེད་དུའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།