99149

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་རྒྱལ་བའི་དགོངས་པ་གསལ་བ་ཞེས་བྱ་བ། འདི་ནི་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་རྣམ་བཤད་དེ། བརྗོད་བྱ་བསྟན་བཅོས་རྩོམ་པ་པོའི་ཆེ་བའི་ཡོན་ཏན། དེས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམ་བྱ་བསྟན་བཅོས་ཀྱི་བརྗོད་བྱ་གཏན་ལ་དབབ་པ་སྟེ། ས་བཅད་གསུམ་གྱི་སྒོ་ནས་སྟོན་པའི་བསྟན་བཅོས་ཤིག་ཡིན། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་རབ་བྱུང་བརྒྱད་པའི་ཆུ་མོ་ལུག་གི་ལོ་ནག་པ་ཟླ་བར་(ཕྱི་ལོ་༡༤༦༣)འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་ལེགས་བཤད་སྒྲོགས་པའི་གཙུག་ལག་ཁང་དུ་མཛད་པའོ། །

{{#arraymap:སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་

|; |@@@ | | }}