99150

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་ལེགས་པར་བཤད་པ་ཟླ་འོད་ནོར་བུ་ཞེས་བྱ་བ། འདི་ནི་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་བརྩམས་པའི་སྡོམ་གསུམ་རབ་དབྱེའི་རྣམ་བཤད་ཅིག་སྟེ། བརྗོད་བྱའི་གཙོ་བོ་བསྟན་བཅོས་རྩོམ་པ་པོའི་ཆེ་བའི་ཡོན་ཏན། དེས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམ་བྱ་བསྟན་བཅོས་ཀྱི་བརྗོད་བྱ་གཏན་ལ་ཕབ་པ་སྟེ། ས་བཅད་གསུམ་གྱི་སྒོ་ནས་སྟོན་པའི་འགྲེལ་བ་གྲགས་ཆེན་ཞིག་སྟེ། ས་སྐྱ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་དང་། ཊཱིཀྐ་འཁྲུལ་སྤོང་སོགས་འགྲེལ་པ་གྲགས་ཆེན་མང་པོ་ལ་གཞི་བཅོལ་ནས་རབ་བྱུང་བཅུ་པའི་ནང་ཤིང་མང་དགོན་པར་བརྩམས་སོ། །

{{#arraymap:སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་

|; |@@@ | | }}