99159

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་པ་ (1)
Part of speech མིང་ཚིག
Definition ཐག་པ་སོགས་ཀྱི་དམ་པོར་འཆིང་བའི་དོན་གྱི་བྱ་མིང།
Keyword True
Example སྣོད་ཀྱི་ཁ་སྡོམ་པ། སྐེ་རགས་སྡོམ་པ་ལྟ་བུ།
སྡོམ་པ་ (2)
Part of speech མིང་ཚིག
Definition མང་པོ་མཉམ་གཅིག་ཏུ་བསྲེས་པའི་དོན་གྱི་བྱ་མིང།
Keyword True
Example ཐོར་བུ་རྣམས་ཕྱོགས་གཅིག་ཏུ་སྡོམ་པ་ལྟ་བུ།
སྡོམ་པ་ (3)
Part of speech མིང་ཚིག
Definition གྲངས་ཀ་མང་པོ་གཅིག་ཏུ་དྲིལ་བའི་དོན་གྱི་བྱ་མིང།
Keyword True
Example སྒོར་གྲངས་སྡོམ་པ། ཨང་གྲངས་སྡོམ་པ་ལྟ་བུ།
སྡོམ་པ་ (4)
Part of speech མིང་ཚིག
Definition ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་རྒྱ་ཡན་དུ་མི་འགྲོ་བར་ཚོད་འཛིན་པའི་དོན་གྱི་བྱ་མིང།
Example ཉེས་སྤྱོད་སྡོམ་པ། ཀུན་སྤྱོད་སྡོམ་པ། དབང་པོའི་སྒོ་སྡོམ་པ་ལྟ་བུ།
སྡོམ་པ་ (5)
Part of speech མིང་ཚིག
Definition ཟ་མཚམས་བཤད་མཚམས་འཛིན་པའི་དོན་གྱི་བྱ་མིང།
Keyword True
Example ཟ་ཁ་སྡོམ་པ། ངག་སྒོ་སྡོམ་པ་ལྟ་བུ།
སྡོམ་པ་ (6)
Part of speech མིང་ཚིག
Definition བཀག་འགོག་བྱེད་པའི་དོན་གྱི་བྱ་མིང།
Example རི་རྒྱ་ཀླུང་རྒྱ་སྡོམ་པ།
སྡོམ་པ་ (7)
Part of speech མིང་ཚིག
Definition སྒྲིག་ལམ་དམ་པོ་བྱེད་པའི་དོན་གྱི་བྱ་མིང།
Keyword True
Example ཁྲིམས་སྡོམ་པ། སྒྲིག་ལམ་སྡོམ་པ་ལྟ་བུ།
སྡོམ་པ་ (8)
Part of speech མིང་ཚིག
Definition ཉེས་སྤྱོད་མཐའ་དག་ལས་ལྡོག་པར་བྱེད་པ་སྟེ། མི་དགེ་བར་ཀུན་སློང་ནས་ཀྱང་མི་རྒྱུ་བར་སྡོམ་སེམས་བསྟེན་པ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་སྡོམ་ཞིང་འགོགས་པས་ན་སྡོམ་པའོ། ། རྣམ་གྲངས་དག་གི་ངེས་ཚིག་ནི། མཛོད་ལས། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ཞེས་སྟེ། ལས་མི་མཉམ་པ་ཅན་རྣམས་ཡང་དག་པར་འཇོག་པར་བྱེད་པས་ན་ཚུལ་ཁྲིམས་སོ། ། མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་པར་སྤྱད་པའོ། །བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་སོ། །ངོ་ཚ་ཤེས་པ་རྣམས་ཡང་དག་པར་བླངས་པ་དེས་སྡིག་པ་མི་བྱེད་པས་ན་བྱ་བ་མ་ཡིན་པ་ཞེས་བྱ་ལ། དེ་ཡང་རྣམ་པར་རིག་བྱེད་དང་སེམས་དག་གིས་བྱེད་པས་ན་བྱ་བ་ཡིན་ནོ། ། དབྱེ་བ། སྔགས་ཀྱི་སྡོམ་པ། བྱང་སེམས་ཀྱི་སྡོམ་པ། སོ་ཐར་གྱི་སྡོམ་པ་སྟེ་གསུམ། འདོད་པའི་སས་བསྡུས་པ་སོ་ཐར་གྱི་སྡོམ་པ། གཟུགས་ཀྱི་སས་བསྡུས་པ་བསམ་གཏན་གྱི་སྡོམ་པ། ཁམས་གསུམ་ལས་འདས་ཤིང་འཕགས་པའི་སས་བསྡུས་པ་ཟག་མེད་ཀྱི་སྡོམ་པ་སྟེ་གསུམ། དེ་དག་གང་ཟག་གང་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། མཚན་གཉིས་པ་མ་གཏོགས་པའི་མི་དང་ལྷ་ལའང་སྟེ་འགྲོ་བ་གཉིས་ལ་ཡོད་དོ། །ཀླུ་བསྙེན་གནས་ལ་གནས་པར་བཤད་པ་ལྟ་བུ་ལེགས་སྤྱད་ཙམ་ཡིན་གྱི་སྡོམ་པ་མིན་པས་འགྲོ་བ་གཞན་ལ་མེད་དོ། །དེ་ཡང་མི་རྣམས་ལ་སོ་ཐར་བསམ་གཏན་ཟག་མེད་ཀྱི་གསུམ་མོ། །ཟ་མ་སོགས་དང་ངན་སོང་བ་རྣམས་ལ་སྡོམ་པ་མེད་དེ། །རྟེན་གཉིས་གའི་ཉོན་མོངས་པ་ཤེས་ཆེ་བའི་ཕྱིར་དང་། སོ་སོར་རྟོག་པ་མི་བཟོད་པའི་ཕྱིར་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཤེས་ཆེན་པོ་མེད་པའི་ཕྱིར།
Example ཞིང་ཚ་སྒོ་ཅན་ལ་འབྲུ་ཡང་ཚར་ཅིག་མི་སྐྱེ། རྩྭ་ཡང་ཚར་ཅིག་མི་སྐྱེ་བ་བཞིན་ནོ། །སྒྲ་མི་སྙན་པ་རྣམས་ནི། ཡང་དག་པར་ལེན་པ་དང་། ཏིང་ངེ་འཛིན་མེད་པའི་ཕྱིར་དང་། སྡིག་པ་བྱ་བའི་བསམ་པ་མེད་པའི་ཕྱིར།
Domain ཆོས་ལུགས།