99603
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། སྣང་སྲིད་སྡེ་བརྒྱད་ནི། ས་བདག་ཧལ་ཁྱི་ནག་པོ་དང་། ཀླུ་བདུད་གདོལ་པ་ནག་པོ། ས་ཡི་ལྷ་མོ་བརྟན་མ། ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི། མགོན་པོ་བདུན་ཅུ་རྩ་ལྔ། ཡུལ་འདིའི་གཞི་བདག ཕོ་ལྷ་དགྲ་ལྷ་སྲོག་ལྷ། མོ་ལྷ་མོ་སྨན་བཅས་བརྒྱད་དེ། སྡེ་བརྒྱད་བཅོས་ཐབས་ལས། ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་གདོལ་པ་ནག་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པ། །སྣང་སྲིད་སྡེ་བརྒྱད་ཐམས་ཅད་ལ། །ཞེས་གསུངས། |
| Domain | ཆོས་ལུགས། |