99762

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྣེའུ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་གསར་དུ་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་སྙུང་རིལ་དབྱིབས་འདྲར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་པོ་ཕྲ་ཞིང་རིལ་བའི་ཁ་དོག་ལྗང་ནག་གི་སྨད་ཆ་སྨུག་ཅིང་། ཡལ་ག་དང་ཡལ་ཕྲན་མང་ལ་སྐྱེ་སའི་དབང་གིས་རིང་ཐུང་སྣ་ཚོགས་ཡོད། ལོ་མ་སྔོ་ལྗང་ནག་ཉམས་ཅན་མཐུག་པ་མདུང་རྩེའི་དབྱིབས་ཀྱི་ལོ་མ་ཆེ་བ་གཅིག་དང་ཆུང་བ་གསུམ་རེ་ཙམ་རེ་མོས་སུ་སྐྱེ་ལ་རྒྱབ་སྐྱ་ཞིང་མཐའ་མཉམ་པར་ཕྱེ་མའམ་ཟིལ་པ་ལྟ་བུས་ཁྱབ། མེ་ཏོག་དམར་སྐྱ་ཆུང་ཞིང་འདབ་མ་ལྔ་ལྡན་མདངས་མི་གསལ་བ་དེ་ཉིད་སྡོང་པོ་དང་ཡལ་གའི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར། འབྲས་བུ་ལྗང་ལ་ཞིབ་པ་ཟ་འབྲུ་འདྲ་བ་སྨིན་ཚེ་ཕྱི་པགས་དམར་པོའི་ནང་ས་བོན་དཀར་པོ་ཆུང་ལ་མང་བ་ཡོད།