99878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ ལི་ལ་ལྕགས་དང་རྫའི་ཞུན་གཏོང་། །ཧོམ་སྤར་རྒྱན་པོ་འགྱེད་པ་དང་། །མཚུན་གསོལ་བ་བཟང་དམར་རོའི་ལས། །བག་མ་རྐུ་ཇག་མཐུན་སྒྲིག་ངན། །༢ ཁོན་ལ་ས་སྒོ་སྡོམ་པ་དང་། །ཤིང་གཅོད་སྒབ་གཅོད་མནན་པ་བཟང་། །མཁར་རྨང་འདིང་དང་འཁོན་པར་འགྲོ། །རོ་སྦེད་མདུན་མ་ཁྲུས་སོགས་ངན། །༣ དྭ་ལ་མཛེ་རོ་བསྲེག་པ་དང་། །དམག་འདྲེན་བུ་ཚ་རྐང་འཛུགས་ངན། །ཤར་དུ་དོན་གཉེར་མནའ་བསྒག་པ། །ལིངས་དང་རྐུ་ཇག་ཤིང་གཅོད་བཟང་། །༤ ཁེན་ལ་གནས་སྒོ་སྡོམ་པ་དང་། །རྒྱལ་མདོས་མི་ཆེན་མཇལ་བ་དང་། །དགེ་ལས་བཟང་ལ་མཁར་རྨང་ཐོབ། །སྐྱས་སྐྱ་ཁྱི་ཡི་ཉོ་ཚོང་ངན། །ལྷ་ཁང་མི་ཉལ་རྒྱལ་པོ་བཅོལ། །༥ ཁམ་ལ་ཆེ་ཆེན་བརྒལ་བ་དང་། །ཉ་གཤོར་རྫིང་ཡུར་མནའ་སྐྱེལ་བ། །དགྲ་རྒོལ་ས་གཉན་འདུལ་བ་ངན། །ཀླུ་དང་ལྷ་མཆོད་སེར་བ་འབེབས། །ལྕགས་བཟོ་བཟློག་པ་རྣམས་ལ་བཟང་། །༦ གིན་ལ་ལྷ་གསོལ་ཆོས་སྒོར་ཞུགས། །ཕུར་བཟློག་མནན་པ་རྟ་གླང་འདུལ། །ཁྱིམ་འབུབས་མཁར་རྨང་འདིང་རྣམས་བཟང་། །ཆོས་འདོན་ཆེ་འདོན་ཉོ་ཚོང་ངན། །༧ ཟིན་ལ་ལྷ་གསོལ་རྒྱན་འདོགས་པ། །ཤིང་འཛུགས་མཁར་རྨང་འདིང་བ་བཟང་། །ཤིང་གཅོད་མནའ་བཀར་བྱེད་པ་ངན། །༨ ཟོན་ལ་བཟླས་པ་བཟློག་པ་དང་། །དྲུག་ལས་སྨྱོན་པ་འདུལ་བ་བཟང་། །རང་འཐག་འཛུགས་དང་མནའ་བཀག་པ། །འདུ་ལོང་བྱ་བ་ཤས་ཆེར་ངན། །སྤར་ཀ་ངན་ཤར་སྒྲིབ་བཅོས་ཚེ། ༡ ལི་ནི་བཤན་པའི་ཐོད་པ་ལ། །ཆུ་སྲིན་ཞོན་པས་སྒྲིབ་པར་བྱ། །༢ ཁོན་ནི་ཤིང་མཁན་ཐོད་པ་ལ། །སྡིག་པ་ཞོན་པས་སྒྲིབ་པར་བྱ། །༣ དྭ་ལ་དམེ་ཐོད་སྦྲུལ་ཞོན་སྒྲིབ། ༤ ཁེན་ནི་མཛེ་ཐོད་ཕག་ཞོན་སྒྲིབ། ༥ ཁམ་ནི་རབས་ཆད་ཐོད་པ་ལ། །གླང་ཆེན་ཞོན་པས་སྒྲིབ་པར་བྱ། །༦ གིན་ནི་ཤོ་རེའི་ཐོད་པ་ལ། །ཕུར་པ་བཙུགས་པས་སྒྲིབ་པར་བྱ། །༧ ཟིན་ནི་མགར་ཐོད་སྤྱང་ཞོན་སྒྲིབ། ༨ ཟོན་ནི་སྨྱོན་མའི་ཐོད་པ་ལ། །ཚངས་པ་ཞོན་པས་སྒྲིབ་པར་བྱ། །ཞེས་གསུངས། |
| Domain | ཆོས་ལུགས། |