100446

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱང་མོ་འདུར་གྱི་འགྲོས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྤྱང་མོ་འདུར་གྱི་འགྲོས་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། དྲུག་པ་ཨུ་པ་ཡ་དང་ཡོ་གའི་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། དྲུག་པ། སྤྱང་མོའི་འདུར་འགྲོས་ནི་སྤྱང་ཀུ་འདུར་ནས་འགྲོ་བ་ལྟར། རྟ་རྣམས་གོམ་འགྲོས་ལས་ཀྱང་མགྱོགས་པར་བསྐུལ་ན་འདུར་ནས་འགྲོ་བ་ལྟར། ཨུ་པ་ཡ་དང་ཡོག་འི་ཐེག་པ་ནི། ཀྲི་ཡའི་ལྟ་སྤྱོད་ཀྱི་སྟེང་དུ་བདག་དང་ལྷ་མཉམ་པ་སྤུན་གྲོགས་ཀྱི་ཚུལ་ལམ་དམ་ཡེ་གཉིས་མེད་དུ་སྒྲུབ་པའི་དགོངས་སྤྱོད་ཀྱིས་འཕགས་ལ་ཕྱི་ནང་གི་རྒྱུ་རྐྱེན་ཆ་མཉམ་པར་སྤྱོད་པས་བྱ་རྒྱུད་པ་ལས་ལམ་བགྲོད་པ་མྱུར་བ་ནི་རྟ་ཡི་འདུར་འགྲོས་དང་མཚུངས་པར་སྦྱར་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྤྱང་མོ་འདུར་གྱི་འགྲོས་

|; |@@@ | | }}