100538

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབས་ (1)
Part of speech མིང་ཚིག
Definition སྔགས། ཤར་ཕྱོགས་མེའི་འཇིགས་སྐྱོབས་མཛད། ཟླ་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་རྔ་ཡབ་འཛིན། གཡོན་པས་པདྨ་ཆུ་ཤལ་འཛིན། ཤར་ལྷོར་ཆུའི་འཇིགས་སྐྱོབས་མཛད། དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རིན་ཆེན་འཛིན། གཡོན་པས་པདྨ་འཁོར་ལོ་འཛིན། ལྷོ་རུ་སེང་གེའི་འཇིགས་སྐྱོབས་མཛད། གསེར་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ནོར་བུ་འཛིན། གཡོན་པས་པདྨ་པོ་ཏི་འཛིན། ལྷོ་ནུབ་གླང་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ཨུཏྤལ་འཛིན། གཡོན་པས་པདྨ་མེ་ཤལ་འཛིན། ནུབ་ཏུ་རྒྱལ་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ལྕགས་ཀྱུ་འཛིན། གཡོན་པས་པདྨ་ཞགས་པ་འཛིན། ནུབ་བྱང་ཀླུའི་འཇིགས་སྐྱོབས་མཛད། དཀར་ཤའི་མདོག་ཅན་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྒྱལ་མཚན་འཛིན། གཡོན་པས་པདྨ་གུ་ངྷེ་བསྣམས། བྱང་དུ་མཁའ་འགྲོའི་འཇིགས་སྐྱོབས་མཛད། སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྩེ་གསུམ་འཛིན། གཡོན་པས་པདྨ་བྷནྡ་འཛིན། བྱང་ཤར་མི་རྒོད་འཇིགས་སྐྱོབས་མཛད། ཨནྟྲིའི་མདོག་ཅན་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྡོ་རྗེ་འཛིན། གཡོན་པས་པདྨ་དྲིལ་བུ་འཛིན། ཀུན་ཀྱང་ཟླ་དཀྱིལ་ཞལ་འཛུམ་ལྡན། ཅུང་གྲོས་དར་དང་རིན་ཆེན་བརྒྱད། སྟག་ཤམ་དང་བཅས་སྐུ་ཡིིད་ཙམ། བཟུང་ཞིང་ཞབས་གཉིས་སེམས་དཔའ་ཡི། ཕྱེད་སྐྱིལ་ཚུལ་དུ་བཞུགས་པའོ། །
Domain ཆོས་ལུགས།

{{#arraymap:སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབས་

|; |@@@ | | }}