100549

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཡབ་ཏྲེ་བོ་ཨ་ཀླུས་ལྕམ་གཉིས་བཞག་པའི་ཆེ་བ་མཛོ་རོག་བཟའ་ལ་བུ་གཉིས་ཡོད་པ་ཏྲེ་རབ་ཁ་ན་བཞུགས། ཆུང་བ་འབེ་བཟའ་དཀར་མོ་ཁབ་ཏུ་བཞེས་པ་ལ་ཡོན་ཏན་དཔལ་གྱི་སྣག་དབོན་སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་སོགས་སྐུ་མཆེད་བདུན་བྱུང་། ཆོས་རྒྱལ་མཚན་ནི་བྱང་ཆུབ་མགོན་པོའི་དྲུང་དུ་རབ་ཏུ་བྱུང༌། མཚན་ཆོས་ཀྱི་རྒྱལ་མཚན་དུ་གསོལ། འབའ་རོམ་ནས་བརྒྱུད་པ་ཐམས་ཅད་གསན། འདི་དུས་ཧོར་གྱི་རྒྱལ་པོ་ཐོ་གན་ཐི་མུར་གྱིས་ཧོར་དང་རྒྱ་ནག་གཉིས་ཀའི་རྒྱལ་པོ་མཛད་དུས། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་གི་གདན་ས་ལ་བཞུགས་པའི་འཇའ་ས་བླང་བ་ཡིན། (དེ་ནས་ཅིང་མ་འགོར་བར། གོང་མ་རྒྱལ་པོ་ཡབ་སྲས་ཧོར་ཡུལ་དུ་བྲོས་ཤིང་རྒྱ་ནག་རྒྱལ་པོ་ཐའི་བུའི་རང་གི་རྒྱལ་ས་བླང་ནས་རྒྱལ་པོ་མཛད་པར་འདུག )ས་སྐྱ་ནས་ནང་ཆེན་ནང་གི་ཁྲི་ལ་ཆོས་རྒྱལ་མཚན་བཞུགས་དགོས་གསུངས་པའི་བཀའ་ཤོག་ཇ་འདྲེན་དང་ཁྱེད་རས་ཚང་སྒོམ་སྡེ་དང་རབ་ཁ་བ་གཉིས་ལ་གཏོག་པའི་ལྷ་ཁང་དགོན་པ་བུ་སློབ་ཡོན་བདག་འཁོར་ཁ་སྡེ་རིས་རྣམས་ཀྱི་ངེས་རྒྱུར། སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་གོང་གི་འཇའ་ས་དང་བཀའ་ཤོག་རིམ་པའི་ལུང་བཞིན་དུ། ནང་ཆེན་ནང་གི་ཁྲི་ལ་བཞུགས་རྒྱུ་ཡིན་པས། འདི་པས་དབང་བའི་ལྷ་ཁང་དང་དགོན་པར་འཚེར་མ་འབབ་ཞེས་པ་ལ་སོགས་པའི་བཀའ་ཤོག་བྱུང་སྟེ། རབ་བྱུང་ལྔ་པའི་ལྕགས་ཕོ་བྱི་བ་(༡༣༠༠)ལོ་ལ་ཆོས་རྒྱལ་མཚན་ནང་ཆེན་ནང་གི་ཁྲི་ལ་བཞུགས་ཏྲེ་རབ་ཁ་ཡན་གྱི་ཁྲལ་འུ་ལག་སྐུ་འབུམ་དགོན་དུ་སྡུད། འཁོར་འབངས་ཐམས་ཅད་བྱམས་པས་བསྐྱངས། ཆོས་སྲིད་ཐམས་ཅད་ནམ་མཁའ་དང་མཉམ། ཁོང་གི་སྤུན་མཆེད་ཨ་ཡུལ་བ་ལས་ཕོ་བྲང་ནང་སོ་ཆེན་མོའི་གདན་ས་དང་སྲིད་ཀྱི་མཛད་པ་བསྐྱངས་མཁན་རྣམས་བྱུང་བ་ཡིན་ནོ། །(འཁྲུངས་འདས་མི་གསལ། )

{{#arraymap:སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་

|; |@@@ | | }}