100556

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱན་སྔ་བསོད་ནམས་འབུམ་པ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཞི་པའི་ཆུ་རྟ་ལོར་མང་ཕུ་ཟེར་བར་བྱམས་པ་རིན་པོ་ཆེའི་དཔོན་རྒྱུད་དུ་སྐུ་འཁྲུངས། བྱམས་པ་རིན་པོ་ཆེ་ལས་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་གནང༌། སྒྲུབ་པ་ལ་རྩེ་གཅིག་གཞོལ་བས་གྲུབ་པའི་རྟགས་མཚན་མངོན་དུ་གྱུར། རྒྱལ་དབང་ཀརྨ་པ་པཀྵི་ཀཿཐོག་ཏུ་ཕེབས་ནས་བསྙེན་པར་རྫོགས་པའི་སྐབས་སྤྱན་སྔ་བ་འདིས་སློབ་དཔོན་གྱིས་ཁུར་བཞེས། གདན་སར་ལོ་སུམ་ཅུར་བསྟན་པ་བསྐྱངས། ཧོར་སེ་ཆེན་ཡན་ཆོད་དབང་དུ་བསྡུས་ནས། ཁམས་དབུས་ཀྱི་སློབ་ཚོགས་སྟོང་ཕྲག་མང་པོ་ལ་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཐེག་པ་ཡོངས་རྫོགས་ལ་འཆད་སྤེལ་དང་སྨིན་གྲོལ་མང་དུ་གསུངས། ལྷ་ཆེན་ཁང་དུ་བྱམས་མགོན་གྱི་སྐུ་བཞེངས། སྙན་གྲགས་དང་འདུ་འཛིའི་བྱ་བ་རིང་དུ་དོར། བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་ཕྲིན་ལས་མཁའ་དང་མཉམ་པར་གྱུར། ཡེ་ཤེས་འབུམ་པ་གདན་ཚབ་ཏུ་མངའ་གསོལ་ནས་དགུང་གྲངས་རེ་གཅིག་ཐོག་ངོ་མཚར་བའི་རྟགས་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །

{{#arraymap:སྤྱན་སྔ་བསོད་ནམས་འབུམ་པ་

|; |@@@ | | }}