100561

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱི་ (1)
Part of speech རྒྱན་ཚིག
Definition ཐུན་མོང་ངམ་ཀུན་ལ་ཁྱབ་པ་སྟེ། སྒེར་མ་ཡིན་པའི་དོན།
Example མི་རིགས་སྤྱི་ལ་ཡོད་པའི་ཐོབ་ཐང། སེམས་ཅན་སྤྱི་ལ་དགོས་པའི་བདེ་སྐྱིད་ལྟ་བུ།
Antonyms བྱེ་བྲག
སྤྱི་ (1)
Part of speech མིང་ཚིག
Definition སྤྱི་བོ་ཡི་བསྡུས་ཚིག
སྤྱི་ (2)
Part of speech མིང་ཚིག
Definition རང་གི་གསལ་བ་ལ་རྗེས་འགྲོ་ཅན་གྱི་ཆོས་ཏེ། ཤེས་བྱ་དང༌། དངོས་པོ་རྟག་པ་ལྟ་བུ། རང་གི་གསལ་བ་ཞེས་བྱེ་བྲག་དང་ཁྱབ་བྱ་ལ་རྗེས་སུ་ཞུགས་ཤིང་ཁྱབ་པའི་ཆོས།
Domain ཚད་མ།
སྤྱི་ (3)
Part of speech མིང་ཚིག
Definition སྤྱིའི་མཚན་ཉིད་ནི། ཐུན་མོང་བར་སྣང་བའི་སྒྲོ་བཏགས། དབྱེ་ན། རིགས་སྤྱི། དོན་སྤྱི། ཚོགས་སྤྱིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
སྤྱི་ (4)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྤྱིའི་མཚན་ཉིད། དུ་མ་ལ་རྗེས་འགྲོ་བྱེད་པ། ཞེས་དང་། སྤྱི་ལ་དབྱེ་ན། རིགས་སྤྱི། ཚོགས་སྤྱི། དོན་སྤྱི། སྒྲ་སྤྱི་དང་བཞིའོ། །ཞེས་གསུངས།