100631

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱི་བུག་དགུ་པ་མི་ཕམ་དོན་བརྒྱུད་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition ནང་ཆེན་སྤྱི་བུག་སྐུ་ཕྲེང་དགུ་པ་མི་ཕམ་དོན་བརྒྱུད་བསྟན་པའི་ཉི་མ་མཆོག་ནི། མདོ་སྟོད་ཕྱོགས་སུ། ཡབ་སྐྱ་བསུ་རྡོ་རྗེ་ཚེ་རིང་དང༌། ཡུམ་ལྷ་དཀར་ཆོས་སྒྲོན་གྱི་སྲས་སུ་རབ་བྱུང་བཅུ་དྲུག་པ་ས་ལུག་ ༡༩༡༩ ལོར་འཁྲུངས། རྒྱལ་དབང་འབྲུག་པ་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོས་གོང་མའི་སྐུ་སྐྱེར་ངོས་བཟུང་ནས་མཚན་གསོལ་མཛད། གདན་སར་མངའ་གསོལ་དང་སྐུ་ཡོན་གསན་བསམ་གནང་རྗེས་རྫོང་སར་འཇམ་དབྱངས་མཁྱེན་རྩེ་ཆོས་ཀྱི་བློ་གྲོས་དང༌། གནས་བརྟན་མཆོག་གླིང་གཉིས་པ་སོགས་གཙུག་ཏུ་བསྟེན། དབང་ལུང་མན་ངག་གི་ཟབ་ཆོས་རྒྱ་ཆེར་གསན། མཆོག་གླིང་གཏེར་ཁ་བསམ་པ་ལྷུན་གྲུབ་ཀྱི་སྒྲུབ་མཆོད་གཏན་འཇགས་མཐུན་སྦྱོར་གནང་བ་སོགས་མཛད་ཕྲིན་བཟང་པོ་མངའ། མཐར་དུས་འགྱུར་དང་ཁེལ་ཏེ། དགུང་ལོ་རེ་གཅིག་པ་ས་ལུག་ ༡༩༧༩ ལོར་སྐུ་གཤེགས་སོ། །དེའི་ཡང་སྲིད་ངག་དབང་མཐུ་སྟོབས་དཔལ་ལྡན་ཆོས་ཀྱི་རྒྱ་མཚོ་ནི་ད་ལྟར་འཚོ་གཞེས་སུ་བཞུགས་སོ། ། དེ་ཡང་སྐུ་ཕྲེང་དང་པོ་ཀརྨ་བྱང་ཆུབ་ཅེས་པ་དེ་ཉིད་སྟག་ལུང་མ་རིན་པོ་ཆེ་སོགས་འབྲི་སྟག་ཀར་འབྲུག་གི་བླ་མ་དུ་མ་བསྟེན་ནས། རྩ་རླུང་ལ་རང་བྱན་ཚུད། ཁྱད་པར་འཕོ་བ་ལ་སྦྱངས་པ་ཆེ་བས་སྤྱི་བོར་བུ་གར་བྱུང་སྟེ། སྤྱི་བུག་བླ་མ་ཞེས་མཚན་ཐོགས། ངེས་མེད་དུ་བྱ་བྲལ་མཛད་ནས་ཁམས་རག་ཤུལ་ཕྱོགས་སུ་དགོན་གནས་སྔ་ཕྱི་གཉིས་ཕྱག་བཏབ་པར། དགོན་པའི་མཚན་ཡང་སྤྱི་བུག་ཆོས་འཁོར་གླིང་ཞེས་མཚན་ཆགས། དེ་ནས་བཟུང་ད་ལྟའི་བར་ཆོས་བརྒྱུད་འབྲུག་པ་དཀར་བརྒྱུད་ཀྱི་རིང་ལུགས་འཛིན་ཅིང༌། སྐུ་ཕྲེང་ཡོངས་གྲགས་སུ་བཅུ་ཙམ་བྱོན་པར་བཤད་འདུག