100651

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱི་བློ་ (1)
Part of speech མིང་ཚིག
Definition རང་ཡུལ་ལ་འཇུག་པའི་ཚེ་ཡུལ་དེ་མ་ཡིན་བཞིན་དུ་ཡུལ་དེ་ཡིན་པ་ལྟ་བུའི་འཆར་སྣང་སྟེ་དོན་སྤྱིའི་སྣང་བ་རྒྱུད་ནས་ཡུལ་ལ་འཇུག་པའི་བློ། རྟོག་པ་ཐམས་ཅད་དེ་ཡིན། པཎ་ཆེན་བསོད་ནམས་གྲགས་པའི་དགོངས་པ་རབ་གསལ་ལས། ངོ་བོའི་ཁྱད་པར་ཤིང་གི་དོན་སྤྱི་ཤིང་དང་ཤིང་མ་ཡིན་པ་ལས་ལོག་པར་སྣང་བ་ཤ་ཤུག་ཀྱང་དེར་སྣང་བ་ཅན་ཡིན་པ་དང། ཞེས་པ་དང། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བ་དེ། ཤ་ཤུག་གི་སྤྱི་ཡིན་པ་དང། ཤ་པ་དེ་ཤིང་མ་ཡིན་པ་ལས་ལོག་པ་དང་། ཤ་པ་མ་ཡིན་པ་ལས་ལོག་པ་གཉིས་ཀའི་གཞི་མཐུན་ཡིན་པ་དང། ཤིང་འཛིན་རྟོག་པ་འཁྲུལ་ཤེས་ཡིན་ཡང། ཤིང་ལ་རྒྱུད་ནས་བརྟེན་པའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར།
Domain ཚད་མ།