100682

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱི་ཞུར་ (1)
Part of speech མིང་ཚིག
Definition སྟབ་སེང་གི་མིང་སྟེ། ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་སྡོང་པོ་ཆེ་ཞིང་པགས་སྐྱ་ལ་རྩུབ་པའི་རྣམ་པ་ཅན་ལྗང་མདངས་ཡོད་པ་དང༌། ཡལ་ག་དང་ཡལ་ཕྲན་མང་ཞིང་སྦྱར་བའི་དབྱིབས་ལྟར་སྐྱེ་བར་ལོ་མ་སྔོ་ལྗང་མཐུག་ལ་རྒྱབ་སྐྱ་ཞིང་མཐར་ཉག་ཆུང་ཅན་གྱི་ངར་པ་རིང་པོ་ཕན་ཚུན་རེ་མོས་སུ་སྐྱེ་བ་མེ་འབྲས་ཀྱི་མདོག་གསལ་པོ་མེད་པ་ཞིག་སྟེ། སྨན་དུ་སྦྱར་བྱ་ནི་འདིའི་ཤུན་པ་སྟེ་སྲབ་མཐུག་དང༌། ཆེ་ཆུང༌། རིང་ཐུང་སོགས་ཅི་རིགས་ལ་ཕྱི་པགས་སྐྱ་ལ་རྩུབ་པ། འགའ་ཞིག་ལ་དྲེག་པ་ནག་པོ་ཅན་དང༌། ནང་ཁམས་སེར་རམ་སེར་སྐྱ། བཅད་ཁ་དཀར་སེར་ཅན་ཞིག་སྟེ། བོད་ཀྱི་སྤོ་ཡུལ་དང༌། ཙ་རི། མེ་ཏོག་རྫོང་སོགས་དང༌། དེ་མིན་རྒྱ་ནག་སོགས་ཚ་བ་ཆེ་བའི་ནགས་རོང་དུ་སྐྱེ་བ་མང༌། པགས་པ་བོད་ཟླ་གསུམ་པར་བཏུས་ཏེ་བསིལ་སར་སྐམ་རྒྱུ་དང༌། བེད་སྤྱད་སྐབས་སུ་ཕྱི་དྲེག་ནག་པོ་གཙང་མ་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་རྩུབ་ལ་བརྟན་ཞིང་སྐམ་པས་བརྡབ་ཆག་རིགས་ཀྱི་རུས་པར་གས་ཆག་བྱུང་བ་དང༌། རུས་ཚད། རྨ་རྙིང་སོགས་ལ་ཕན།