100815

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱོད་པ་སྤྱད་སའི་ཡུལ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། གནས་དང་ཉེ་བའི་གནས་ལ་སོགས། །ཡུལ་ཆེན་སུམ་ཅུ་སོ་བདུན་དུ། །རིག་པའི་བརྟུལ་ཞུགས་སྤྱོད་ཕྱིར་རྒྱུ། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། གནས་གང་དུ་སྤྱོད་པ་སྤྱད་པ་ན། གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་ལས་ཕྱེ་བའི་ཡུལ་སུམ་ཅུ་སོ་གཉིས་དང། གླིང་བཞི་དང། གླིང་བཞི་གཅིག་ཏུ་སྡོམ་པ་སྟེ་སུམ་ཅུ་སོ་བདུན་དུའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། གནས་དང་ཉེ་གནས་ལ་ཡུལ་བཞི་བཞི། ཞིང་དང་ཉེ་བའི་ཞིང། ཙྪནྡོ་ཉེ་བའི་ཙྪནྡོ། འདུ་བ་ཉེ་བའི་འདུ་བ། དུར་ཁྲོད་ཉེ་བའི་དུར་ཁྲོད་དང་བརྒྱད་ལ་ཡུལ་ཆེན་གཉིས་གཉིིས། འཐུང་གཅོད་ཉེ་བའི་འཐུང་གཅོད་གཉིས་གཉིས་ལ་ཡུལ་ཆེན་བཞི་བཞིར་ཕྱེ་བས་བརྟག་གཉིས་དངོས་བསྟན་ལ་སུམ་ཅུ་སོ་གཉིས། དེའི་སྟེང་དུ་གླིང་བཞི་ལྷུན་པོ་དང་བཅས་པ་བསྣན་པས་སུམ་ཅུ་སོ་བདུན་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཟང་ངན་དང། ཕན་གནོད་ཀྱི་རྐྱེན་བླང་དོར་དང་སྡང་ཞེན་མེད་པར་མཉམ་པ་ཉིད་དུ་འཁྱེར་བའི་ཕྱིར་རྒྱུ་བ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྤྱོད་པ་སྤྱད་སའི་ཡུལ་

|; |@@@ | | }}