100838

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱོད་པར་བགྲོད་མཁན་གྱི་གང་ཟག་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། དབང་བཞི་ཡོངས་སུ་རྫོགས་པ་དང། །དང་པོར་རང་གི་ཁྱིམ་དུ་བསྒོམ། །བརྟན་པ་ཐོབ་ནས་དུད་ཁྲོད་སོགས། །བརྟན་པ་ཆེན་པོ་ཐོབ་ནས་ནི། །ལུས་དང་ངག་གི་བརྡ་རྣམས་ལ། །ལེགས་པར་སྦྱངས་ཤིང་དེ་ཉིད་རྟོགས། །ས་རྣམས་བགྲོད་པར་བྱ་བ་དང། །ཡུལ་རྣམས་དབང་དུ་བསྡུ་བའི་ཕྱིར། །གནས་དང་ཉེ་བའི་གནས་ལ་སོགས། །ཡུལ་ཆེན་སུམ་ཅུ་སོ་བདུན་དུ། །རིག་པའི་བརྟུལ་ཞུགས་སྤྱོད་ཕྱིར་རྒྱུ། །ལུགས་འདི་རྣལ་འབྱོར་ཆེན་པོ་ཡི། །རྒྱུད་དང་བསྟན་བཅོས་རྣམས་ལས་གསུངས། །འདི་འདྲའི་སྤྱོད་པ་ཤེས་ནས་ནི། །ཚེ་འདི་ཉིད་ལ་རྫོགས་སངས་རྒྱ། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། སྤྱིར་རྣལ་འབྱོར་བ་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་ཚར་གཅོད་དང་རྗེས་འཛིན་གཉིས་དང། རེངས་པ་དང་དགུག་པ་ལ་སོགས་པའི་བལྟ་སྟངས་ལེགས་པར་གྲུབ་པ། ཕྱག་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་ཉམས་མྱོང་གི་དྲོད་རྟགས་ལ་ངེས་པ་ཐོབ་པས། ཕྱི་རོལ་གྱི་ཡུལ་ཉོན་མོངས་པའི་དམིགས་རྐྱེན་དུ་གྱུར་པ་རྣམས་ཀྱིས་ཚུལ་ཟིལ་གྱིས་མི་ནོན་ཅིང། ཕར་ཟིལ་གྱིས་མནན་ནས་རིམ་གཉིས་ཀྱི་གྲོགས་སུ་འཁྱེར་ནུས་པ་ཞིག་གིས་སྤྱོད་པ་བྱེད་པ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། དབང་བཞི་རྫོགས་པར་ཐོབ་ཅིང། རིམ་གཉིས་ཤེས་པའི་གང་ཟག་དེས། དང་པོ་བར་ཆད་ཉུང་བས་རང་གི་ཁྱིམ་དུ་བསྒོམ། བརྟན་པ་ཅུང་ཟད་ཐོབ་ནས་བརྩོན་འགྲུས་རྩོམ་པས་དུར་ཁྲོད་སོགས་སུ་བསྒོམ། བརྟན་པ་ཆེན་པོ་དྲོད་འབྲིང་གི་རྟོགས་པ་ཐོབ་ནས། གང་ཞིག་སོར་མོ་གཅིག་སྟོན་དང། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །ཞེས་སོགས་ལུས་བརྡ་དང། མ་ད་ན་ཆང། བ་ལ་ཤ་ཞེས་སོགས་ངག་གི་བརྡ་རྣམས་ལ་ལེགས་པར་སྦྱངས་ཤིང། བླང་དོར་གཉིས་སུ་མེད་པའི་དེ་ཉིད་རྟོགས་པའི་གང་ཟག་དེས་སྤྱོད་པ་སྤྱད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།