100855

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱོད་ཡུལ་དུ་འགྲོ་བའི་ཉེས་བྱས་ཀྱི་སྡེ་ཚན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ། ལེགས་པར་བགོས་པ་དང་། སྒྲ་བསྐྱུངས་པ་དང་། མིག་མི་ཡེངས་པ་དང་། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་འགྲོ་བར་བྱའོ། །གཞན་ཡང་མགོ་གོས་ལ་སོགས་པས་མི་གཡོགས་པ་དང་། གོས་པུས་གོང་དུ་མི་བརྫེ་བ་དང་། ཕྲག་པ་ལ་མི་གཟར་བ་དང་། ལག་པ་གཉའ་གོང་དུ་མི་བསྣོལ་བ་དང་། ལྟག་པར་མི་བསྣོལ་བའི་ཚུལ་གྱིས་འགྲོ་བར་བྱའོ། །གཞན་ཡང་མི་མཆོངས་པ་དང་། མི་བརྒྱང་བ་དང་། ཙོག་པུས་མ་ཡིན་པ་དང་། བྲང་ས་ལ་བཅུགས་པ་མ་ཡིན་པ་དང་། དཀུར་མི་བརྟེན་པའི་ཚུལ་གྱིས་འགྲོ་བར་བྱའོ། །གཞན་ཡང་ལུས་མི་བསྒྱུར་བ་དང་། ལག་པ་མི་གཡུག་པ་དང་། མགོ་མི་བསྒྱུར་བ་དང་། ཕན་ཚུན་ཕྲག་པ་མི་སྦྲེལ་བ་དང་། ལག་པ་མི་སྦྲེལ་བའི་ཚུལ་གྱིས་འགྲོ་བར་བྱའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། ཤིན་ཏུ་བསྡམ་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཕྱིང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་གསུངས་པ་ལྟར་ལྔ་ཚན་བཞི་ལས། དང་པོ་ནི། ལུས་ངག་མཉམ་པར་བཞག་པའི་ཤིན་ཏུ་བསྡམ་པ། སྟོད་གཡོགས་ལ་སོགས་པ་ལེགས་པར་བགོ་བ། བླ་གོས་དང་མཐང་གོས་ཀྱིས་ལུས་ལ་མཉམ་པར་བཞག་པར་གཡོགས་ཏེ་ལེགས་པར་བགོ་པ། ཅ་ཅོའི་སྒྲ་སྒྱུར་བ། དགོས་པ་མེད་བཞིན་དུ་མིག་གཡས་གཡོན་དུ་མི་གཡེངས་པ། མིག་གཉའ་ཤིང་གང་ཙམ་དུ་བལྟ་བའོ། །གཉིས་པ་ནི། མགོ་གོས་ཀྱིས་མི་གཡོག ཤམ་ཐབས་འདོམ་སྣང་བར་མི་བརྫེ། སྟོད་གཡོགས་ཕྲག་པ་གཡས་གཡོན་ལ་མི་གཟར། ལག་པ་གཉིས་མདུན་ནས་གོང་དུ་མི་བསྣོལ། ལག་པ་གཉིས་རྒྱབ་ནས་ལྟག་པར་མི་བསྣོལ་བའོ། །གསུམ་པ་ནི། འགྲོ་བ་ན་མི་འཕྱོང། སྒྱིད་པ་རྐྱང་བསྐུམ་བྱེད་ཅིང་མི་འགྲོ། ཙོག་པུའི་མི་འགྲོ། རྐང་པའི་རྟིང་པ་བཏེག་སྟེ་སོར་མོའི་བྲང་ས་ལ་ཕབ་ནས་མི་འགྲོ། ལག་པ་གཉིས་རྐང་པའི་སྐེད་པའི་ཕྱོགས་སུ་རྟེན་ཏེ་གྲུ་མོ་གཉིས་སྙུང་སྙུང་པོར་བྱས་པ་སྟེ་སྐྱེད་ཟེར་བྱས་ནས་མི་འགྲོ་བའོ། །བཞི་པ་ནི། འགྲོ་བ་ན་ལུས་མི་སྒྱུར། ལག་པ་མི་ཀྱོག་མགོ་མི་སྒྱུར། གཞན་དང་ཕྲག་པ་མི་སྤྲད། དགོས་པ་མེད་དུ་གཞན་དང་ལག་པ་སྦྲེལ་ནས་ཁྱིམ་གཞན་དུ་མི་འགྲོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།