100862

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤྱོད་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། ཆོས་ལུགས། རྒྱུད་སྡེ་བཞིའི་ནང་གསེས་ཤིག་སྟེ་ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་གཉིས་ཀའི་རྒྱུད་དམ་སྤྱོད་པའི་རྒྱུད་ཅེས་བྱའོ། །
Domain ཆོས་ལུགས།
སྤྱོད་རྒྱུད་ (2)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག སྤྱོད་རྒྱུད་ནི་བསམ་པ་གཞན་ཕན་བྱང་ཆུབ་ཀྱི་སེམས། སྤྱོད་པ་ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི། ལྟ་བ་བདག་མེད་གཉིས། སྒོམ་པ་རྣམ་པར་མི་རྟོག་པ་སྟེ། མདོ་ལས་ཇི་སྐད་བཤད་པའི་ལམ་རྣམས་ཀྱི་སྟེང་དུ། ཆུ་དང་ཅོད་པན་གྱི་དབང་བསྐུར་དང་། ཕྱག་མཚན་གྱི་དབང་དང་། མིང་དབང་ཡང་ཡོད། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས། མཆོད་པ་ཕུལ། དམ་ཚིག་གི་ཕྱག་རྒྱས་བཏབ། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་དང་། ལས་ཚོགས་སྣ་ཚོགས་པ་དང་། ཐུན་མོང་གི་དངོས་གྲུབ་མང་དུ་སྒྲུབ་པའི་ཐབས་རྒྱ་ཆེར་བསྟན། ཉམས་ལེན་གྱི་སྐབས་བདག་བསྐྱེད་ཀྱང་ཡོད། གྲོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་ལེན། བསྐལ་པ་གསུམ་མམ་གཅིག་གིས་ས་བཅུ་ཐོབ་པར་འདོད། ཐུན་མོང་གི་དངོས་གྲུབ་ཀྱིས་ཚེ་བསྐལ་པའི་བར་དུ་གནས་པར་བསྒྲུབས་ནས། རྟེན་དེ་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་མདོ་དང་ཐུན་མོང་བ་དེས་འཕགས་པའི་ས་སྒྲུབ་པར་འདོད་ཀྱི། མཆོག་གི་དངོས་གྲུབ་སྒྲུབ་ཐབས་སྔགས་ལམ་ཐུན་མོང་མ་ཡིན་པ་བཤད་པ་མེད་དོ། །ལས་ཚོགས་ཀྱི་སྐབས་འགའ་རེ་མ་གཏོགས། དཀའ་སྤྱད་དང་ཁྲུས་སོགས་ཀྱི་གཙང་སྦྲ་མི་དགོས། གཙང་རྨེ་མེད་པའི་སྤྱོད་པ་ཡང་མི་བྱེད་དོ། །རང་ལམ་གྱིས་ས་བཅུ་པ་ཐུབ་པ་ཡང་། བླ་མེད་ལ་ཞུགས་ནས་སངས་རྒྱས་ལ་སྤྱོར་བ་ཡིན། །