101522
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་དོན་ཚན་བཅུ་གཉིས་ལ་སྦྱར་བ་སྟེ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་བཤད་ཟུང་འཇུག་རབ་གསལ་ལས། རྒྱུ་འབྲས་གཉིས་དང་བརྟུལ་ཞུགས་གསུམ། །དགེ་གསུམ་གཞི་དང་གནས་སྐབས་གསུམ། །ཐིག་ལེ་བཞི་དང་གནས་སྐབས་བཞི། །བསྙེན་སྒྲུབ་བཞི་དང་རྣལ་འབྱོར་བཞི། །སྦྱོར་བ་བཞི་དང་སྐུ་བཞིའི་ལམ། །རྡོ་རྗེ་རྣམ་བཞིའི་ལམ་གྱིས་དབྱེ། །དེ་ལྟར་བཅུ་གཉིས་འདིར་བཤད་ཅེས་དང་། དེ་ཡང་རྒྱུ་འབྲས་གཉིས་ཀྱི་དབྱེ་བ། བརྟུལ་ཞུགས་གསུམ། དགེ་བ་གསུམ། གཞི་གསུམ། གནས་སྐབས་གསུམ། ཐིག་ལེ་བཞི། གནས་སྐབས་བཞི། བསྙེན་སྒྲུབ་བཞི། རྣལ་འབྱོར་བཞི། སྦྱོར་བ་བཞི། སྐུ་བཞི། རྡོ་རྗེ་བཞི་དང་སྦྱར་བ་སྟེ་དོན་ཚན་བཅུ་གཉིས་སོ། །ཞེས་བྱུང་། |
| Domain | ཆོས་ལུགས། |