101608

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྦྱིན་པའི་དྲི་མ་བཅུ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ གཅིག་གི་ནང་དུ་གཏོགས་པ་རྣམས་དགེ་འདུན་གྱི་གཏོགས་པ་རྣམས་དང༌། བསླབ་པ་མཚུངས་པ་རྣམས་དང༌། ཤེས་རབ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ལ་མཉམ་པོར་སྦྱིན་པ་བྱིན་པ་ནི། དྲི་མ་མི་བཟད་པའི་སྦྱིན་པས་དེ་དག་རྣམས་ཀྱི་འབྲས་བུ་ནི་ཆུང་བར་འགྱུར་བ། ༢ འདོད་ཆགས་ཀྱིས་སྟེར་བར་གྱུར་པ་གང་ལ་འདོད་ཆགས་པར་གྱུར་པ་བུད་མེད་དམ་སྐྱེད་པར་གྱུར་པ་ལའང་རུང་སྟེ། དེ་ལ་སྟེར་བ། ༣ དགེ་སྦྱོང་ངམ་བྲམ་ཟེ་གང་དག་རྒྱལ་པོས་མཆོད་པར་བྱེད་པ་དེ་ལ་དང༌། སྦྱིན་པ་པོ་རབ་ཏུ་མང་པོ་ཅན་རྣམས་ལ་སྦྱིན་པ་དང༌། ཇི་ལྟར་སྡུག་བསྔལ་འདི་དག་ལས་འདིས་ཡོངས་སུ་སྐྱོང་སྙམ་པ་དང༌། སེམས་ཀྱིས་བསྒོམས་པའང་མ་ཡིན་པ་དང༌། དེ་ལ་དགོངས་པ་དེ་དག་རྣམས་ཀྱི་རྒྱུ་མཚན་གྱིས་སྦྱིན་པ་དྲི་མ་ཅན་དུ་འགྱུར་བ། ༤ གང་དག་གིས་དེ་ལས་བཟློག་པར་སྦྱིན་པར་བྱ་བ། ༥ གཏི་མུག་གིས་སྦྱིན་པ་དང༌། གྱ་གྱུ་ལ་སོགས་པས་སྦྱིན་པ། ༦ མཆོད་པས་ཀྱང་མཆོད་པ་པོ་ཞེས་བྱ་བ་གང་གིས་ཚུལ་ཁྲིམས་དང་ཤེས་རབ་དང་རབ་ཏུ་ཞི་བའི་བསམ་གཏན་རྣམས་ནི། མི་སྒོམ་གྱི། གཞན་མཆོད་པ་འབའ་ཞིག་བྱེད་དེ། དེ་ནི། གཞན་གྱི་རྐྱེན་གྱིས་འདིར་ཀུན་མཆོད་པར་བྱེད་དེ། དེ་སེམས་པ་དང་ཡང་བྲལ་བ། ༧ འདི་ལྟར་ངོར་བྱས་ནས་སྟེར་བར་བྱེད་པ། ༨ ནོར་གྱི་ཐབས་ཀྱི་དབང་དུ་བྱས་ནས་སྟེར་བའོ། །ཇི་ལྟར་སྦྱིན་པ་དེས་བདག་གི་ནོར་གྱི་ཐབས་ཀྱིས་ནོར་ཉེ་བར་འཛིན་ཏེ། འདི་ཡིད་ཆེས་པ་བསྐྱེད་ལ་བདག་གིས་གཞོམ་པར་བྱ་བ། ༩ བྱེད་པའི་དོན་དུ་སྟེར་བའོ། །ཇི་ལྟར་འདི་ན་བདག་གི་བུད་མེད་དུ་བྱས་པས་དེ་དང་དེའི་རྩ་ལག་ཏུ་སྔོན་གྱུར་པ་ཞེས་བྱས་ལ་དེ་གཞོམ་པར་བྱའོ་སྙམ་པ། ༡༠ དེ་ལ་འབྱེད་པར་བྱེད་པ། འབྲེལ་པའི་དོན་གྱི་སྦྱིན་པ་བུད་མེད་གང་དག་སྐྱེས་པའི་དོན་དུ་འབྲེལ་པར་བྱེད་པས་སྐྱེས་པས་སྐྱེས་པ་རྣམས་ལ་སྦྱིན་པར་བྱེད་པ་དྲི་མས་ཉེ་བར་བཅོམ་པའི་སྦྱིན་པ་ཡིན་པ། ༡༡ གང་དག་ཚོང་གི་རྒྱུ་མཚན་གྱིས་གཞན་དུའང་ཟས་འཛིན་ནམ། རྒྱུ་མཚན་གཞན་དུའང་ཟས་འཛིན་ནམ། རྒྱུ་མཚན་གཞན་ལོ་ལྔ་བར་ཡང་རུང་སྟེ། ཟས་དེ་དག་རྣམས་ཉིད་ཀྱང་གོད་ཆེན་པོས་སྟེར་བར་བྱེད་དེ། བསྡུ་བའི་དོན་དུའོ། །དེ་དག་རྣམས་ལ་ཉེ་བར་བྱིན་ནས་ཀྱང་རྫས་ཀྱིས་ཁྱིམ་བྱེད་དོ། །དེ་ལས་དེ་དག་རྣམས་སོག་པའི་ཚོང་གི་སྦྱིན་པ་དྲི་མས་ཉེ་བར་བསླངས་པ། །༡༢ གྲགས་པའི་སྦྱིན་པ་སྟེ། བུ་དང༌། རང་གི་སྐྱེ་བོ་དང༌། གཉེན་འབྲེལ་རྣམས་སྡུག་ཕོངས་སུ་གྱུར་པ་རྣམས་ལ་སྟེ། དེའང་འདི་དག་རྣམས་ལ་སེམས་དང་བྲལ་བ། དྲེགས་པ་ཁོ་ནས་སྦྱིན་པ་གཏོང་བ་བཅས་སོ། །
Domain ཆོས་ལུགས།