101618

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྦྱིན་པའི་ཕར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། ཁྱད་ཆོས་བཞི་ལྡན་གྱི་གཏོང་སེམས་དགེ་བ་ས་བོན་དང་བཅས་པ་སྟེ། ཕར་ཕྱིན་དྲུག་གི་ཡ་གྱལ་ཞིག་ཏེ། སྦྱིན་པའི་མཚན་ཉིད་ནི། བདོག་པའི་དངོས་པོ་གཞན་ལ་ཕན་པས་སྟེར་བའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དབྱེ་ན། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལྟར། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་སྦྱིན་པ་དང། ཁྱིམ་པའི་སྦྱིན་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྦྱིན་པའོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། སྦྱིན་པའི་མཚན་ཉིད་ནི། འཁོར་གསུམ་ཡོངས་སུ་དག་པའི་གཏོང་བ་དམ་པའོ། །ཞེས་དང་། སྒྲ་དོན་ནི། དབུལ་བ་འདོར་བ་བྱེད་པས་ན་སྦྱིན་པ། དབྱེ་ན། ཟང་ཟིང་དང་། སྐྱབས་དང། ཆོས་ཀྱི་སྦྱིན་པའོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །སྦྱིན་པ་ནི། གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་སྟེ། དབྱེ་ན། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པ་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱིན་པའི་ཕར་ཕྱིན་

|; |@@@ | | }}