101632
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྦྱིན་པའི་འཁོར་ལོ། རྫས་དང་། ལུས་དང་། སྐྱབས་དང་། ཆོས་ཀྱི་སྦྱིན་པའི་འཁོར་ལོ་བཞི་སྟེ། མདོ་འགྲེལ་མུན་པའི་གོ་ཆ་ལས། རྫས་དང་ལུས་དང་སྐྱབས་དང་ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་དང་པོའང་བུ་ཕོ་དང་བུ་མོ་དང་ཡུལ་དང་རྒྱལ་སྲིད་མན་ཆད་དོ། །གཉིས་པ་ཤ་དང་ཁྲག་དང་མགོ་དང་རྐང་ལག་གོ ། གསུམ་པ་གནོད་པའི་རྒྱུན་ལས་སྐྱོབ་པ་དང༌སྲོག་གི་བར་ཆད་ལས་སྐྱོབ་པ་དང༌འཁོར་བའི་གཡང་ས་ལས་སྐྱོབ་པའོ། །བཞི་པ་ཆོས་བསྟན་པ་དང་གླེགས་བམ་དང་མཁན་པོར་ལུང་བསྟན་པ་སྟེ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |