101721
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཟུང་འཇུག་རབ་གསལ་ལས། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ལ་གཞི་གསུམ་དུ་གྲགས་པ་ཡིན་པ་ལས། སོར་བསམ་གཉིས་ནི་རྩའི་རྣལ་འབྱོར་ཏེ། རྩ་ལམ་སྦྱང་བའི་མཆོག་ཡིན་པའི་ཕྱིར་དང། སྲོག་འཛིན་གཉིས་ནི་(རླུང་གི་རྣལ་འབྱོར་ཏེ)། ཉི་ཟླའི་རླུང་འགོག་པར་བྱེད་པའི་ཕྱིར་དང། དྲན་ཏིང་གཉིས་ནི་ཐིག་ལེའི་རྣལ་འབྱོར་ཏེ། ཞུ་བདེ་དང་མི་འགྱུར་བའི་ཐིག་ལེའི་ལམ་ཡིན་པའི་ཕྱིར་དང། རིམ་པ་བཞིན་དུ་དོན་དམ་པའི་རྩ་རླུང་ཐིག་ལེ་གསུམ་རྟོགས་པར་བྱེད་པའི་ཐབས་ཡིན་པས་སོ། །ཞེས་གསུང་། |
Domain | ཆོས་ལུགས། |
{{#arraymap:སྦྱོར་དྲུག་གི་གཞི་གསུམ་
|; |@@@ | | }}