101724

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྦྱོར་བ་ (1)
Part of speech མིང་ཚིག
Definition དངོས་རྫས་གཉིས་ཕན་ཚུན་སྒྲིག་སྦྱོར་བྱེད་པའམ་བསྡེབས་ནས་བཟོ་བའི་བྱ་མིང།
Example ཐལ་མོ་སྦྱོར་བ། ཤོག་གུ་སྦྱོར་བ་ལྟ་བུ།
སྦྱོར་བ་ (2)
Part of speech མིང་ཚིག
Definition ལས་གང་སྔོན་དུ་འགྲོ་དགོས་པའི་བྱ་བ།
Example བྲོ་འཁྲབ་པའི་སྦྱོར་བ། གཏམ་བཤད་པའི་སྦྱོར་བ་ལྟ་བུ།
སྦྱོར་བ་ (3)
Part of speech མིང་ཚིག
Definition ལག་ལེན་དངོས་ཀྱི་བྱ་བའི་དོན།
Example སྦྱོར་བ་དངོས་ལ་ཞུགས་ནས་ལས་དོན་བསྒྲུབས་ལྟ་བུ།
སྦྱོར་བ་ (4)
Part of speech མིང་ཚིག
Definition མདོ། ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས་ཤིག་སྟེ། རྟོགས་པ་ལ་རང་དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣལ་འབྱོར། །
Domain ཆོས་ལུགས།
སྦྱོར་བ་ (5)
Part of speech མིང་ཚིག
Definition མངོན་པ། ཕྲ་རྒྱས་རྣམས་ཏེ། ཕྲ་རྒྱས་དེ་དག་གིས་འབྱར་བར་བྱེད་པས་ན་སྦྱོར་བའོ། ཡང་ན་ཕྲ་རྒྱས་དེ་དག་གིས་སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་རམ། ཡང་དང་ཡང་དུ་རྗེས་སུ་འབྲེལ་བའི་སྒོ་ནས་སོ། །དེ་ཡང་ཤུགས་ཆེ་བ་དང་ཀུན་དུ་མི་འབྱུང་བ་རྣམས་སོ། །དེ་ལ་དབྱེ་ན། མ་རིག་པའི་སྦྱོར་བ་དང༌། ལྟ་བའི་སྦྱོར་བ། སྲིད་པའི་སྦྱོར་བ། སྲེད་པའི་སྦྱོར་བ་སྟེ་བཞིའོ། །
སྦྱོར་བ་ (6)
Part of speech མིང་ཚིག
Definition ལྔ་བསྡུས་ཀྱི་ནང་ཚན་ཞིག་སྟེ། ས་ལྒང་ལྟེ་བར་བཞག་ནས་ཉི་མ་དང་ཟླ་བ་གཉིས་ཀའི་ལོངས་སྤྱོད་ཅི་ཙམ་བསླེབས་པའི་ཚད་སྟོན་པར་བྱེད་པའི་ཨང་ཀི་ལ་ཟེར། སྐར་གནས་སུ་གཅིག་འཆར་ཚེ་མཛའ་བོ་ཞེས་དང་། ཐིག་ལེ་འཆར་ཚེ་སེལ་བ་ཞེས་པའི་ཐ་སྙད་བཏགས། ༢ ཉི་དག་དང་ཚེས་འཁྱུད་ཟླ་སྐར་བསྲེས་པའི་ལོངས་སྤྱོད་དམ་ཉི་དག་དང་རེས་འགྲོགས་ཟླ་སྐར་བསྲེས་པ་སྟེ་སྦྱོར་བའི་ལོངས་སྤྱོད་དེ་ལ་ཟེར། དབྱེ་ན་སེལ་བ་དང་མཛའ་བོ་སོགས་ཉེར་བརྒྱད་ཡོད། ། ༣ ཉིན་རེ་དབང་བྱེད་པའི་ཚུལ་དུ་འཆར་བའི་དུས་ཀྱི་ལྷ་ཞིག་ཏུ་འདོད། དབྱེ་ན་སེལ་བ་སོགས་ཉེར་བརྒྱད་ཡོད། །རིགས་ལྡན་སྙིང་ཐིག་ལས། གནས་མཚུངས་བསྲེས་ལ་རང་འཁོར་བསྒྲིལ། །དེ་ཡིས་སྦྱོར་བ་རྣམ་པར་དག ། ཅེས་དང་། སྦྱོར་བ་དུས་ཀྱི་ལྷ་ཡིན་པས། །ཚེས་རེར་དབང་བྱེད་ཚུལ་དུ་འཆར། །ལོངས་སྤྱོད་གང་ཤར་ད་ནང་གི ། ནམ་ལངས་ཕན་ཆད་འདས་པའི་ཡིན། །ཞེས་གསུངས།
Domain རྩིས་རིག
སྦྱོར་བ་ (7)
Part of speech མིང་ཚིག
Definition ༡ཚད་མ་རིག་པ། རིགས་ལམ་གྱིས་རྩོད་པ་བྱེད་སྐབས་རིགས་པའམ་རྒྱུ་མཚན་འགོད་པ་སྟེ།
Example རྟགས་ཆོས་དོན་གསུམ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་ལྟ་བུ།