101951

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྦྲུལ་ (1)
Part of speech མིང་ཚིག
Definition སྲོག་ཆགས་ལྟོ་འགྲོའི་རིགས་ཤིག་སྟེ། ལུས་ཀྱི་དབྱིབས་ཟླུམ་ཞིང་ཕྲ་ལ་རིང་བ། གདེངས་ཀ་ཡོད་ལ་རྐང་ལག་མེད་པ། དུག་ཅན་དུག་མེད་རིགས་ཤིན་ཏུ་མང་། ཟས་སུ་སྦལ་བ་དང་བྱི་བ་སོགས་བཟའ་བ་ཡིན།
Keyword True
Synonyms ཀུན་འགྲོ། རྐང་བྲལ། རྐང་མི་འགྲོ། རྐང་སྦས། ཁུང་ཉལ། ཚང་ཉལ། དོང་ཉལ། དོང་གནས། ཁྲི་ཅན། འཁྱིལ་བ་ཅན། འཁྱིལ་ལྡན། འཁོར་ལོ་ཅན། གྲལ་རིས་ཅན། ཁྲ་བོ་ཅན། རྒྱབ་རིང་། ལོགས་རིང་། ལྕེ་གཉིས་པ། གཉིད་མི་སད། སད་མེད། ཉལ་བྱེད། ཐིག་ལེའི་སྣ། ཐིག་ལེའི་ལུས། ཐིག་ལེ་དཀར་ལྡན། དུག་གི་མཚོན་ཆ་ཅན། མཆེ་བ་དུག་ཅན། མཆེ་ངན། གདེངས་ཅན། གདེངས་ཀ་འཛིན། གདེངས་ཅན་ཆེན་པོ། པགས་པ་གྲོལ་བ། གོ་ཆ་གྲོལ། ཤུན་པ་བརྗེས། འཕེལ་ཁ་ཅན། བ་ལང་སྣ། གླང་སྣ། བུམ་རྣ་ཅན། སྦྲམ། དུག་སྦྲུལ། མྱུར་འགྲོ། ཟས་ངན། སྦལ་བ་ཟ། ངན་པའི་ཟས་ཅན། གཟར་བུའི་མགོ། ཟླུམ་པོ་ཅན། རླུང་ཟས་ཅན། རླུང་གཟན། རླུང་ཟ། རླུང་དགའ། ལག་འགྲོ། ལུས་འཁྱིལ། སྣུམ་འཁྱོག ས་ལ་འཁྱོགའཁྱུག་འགྲོ། གྱ་གྱུ་འགྲོ། འཁྱོག་འཕྱེ། འཁྱུག་བྱེད། འཁྱོག་འགྲོ། ས་ལ་འཕྱེ། ལྟོ་འཕྱེ། འཕྱེ་འགྲོ། ལྟོ་འགྲོ། ལྟོ་བས་རྒྱུ། བྲང་འགྲོ།

{{#arraymap:སྦྲུལ་

|; |@@@ | | }}

སྦྲུལ་ (2)
Part of speech མིང་ཚིག
Definition ལོ་འཁོར་བཅུ་གཉིས་ཀྱི་ནང་གི་དྲུག་པའི་མིང་སྟེ།
Example ཆུ་སྦྲུལ་ལོ་ཞེས་པ་ལྟ་བུ།
Domain རྩིས་རིག

{{#arraymap:སྦྲུལ་

|; |@@@ | | }}

སྦྲུལ་ (3)
Part of speech མིང་ཚིག
Definition གྲངས་བརྒྱད་དེ། ཀླུ་ཆེན་བརྒྱད་དུ་ཕྱེ་བའི་སྦྲུལ་ལ་བརྒྱད་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།

{{#arraymap:སྦྲུལ་

|; |@@@ | | }}