102022
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྤེན་མ་དང་དབྱིབས་འདྲ་བའི་ཤིང་ཕྲན་སྡོང་བུ་ཞིག་སྟེ། སྡོང་པོ་དམར་སྐྱ་ཕྲ་བ་སྤེན་མའི་སྐྱེ་དབྱིབས་དང་མཚུངས་པར་ཡལ་ག་དང་ཡལ་ཕྲན་མང་བ་དང༌། ལོ་མ་ལྗང་སྐྱ་ཆུང་ཆུང་མཐའ་མཉམ་པ་རེ་མོས་སུ་སྐྱེ་ཞིང༌། མེ་ཏོག་དཀར་པོ་ཤིན་ཏུ་ཆུང་བ་འདབ་མ་ལྔ་དང་ལྡན་པར་དམར་མདངས་ཅུང་ཡོད་པ་ཆུན་པོ་ཆུན་པོ་བྱས་ཏེ་ལོ་མའི་མཚམས་ནས་འཆར་བ་དང༌། འབྲས་བུ་སྐམ་ཚག་ཆུང་ལ་མང་བ་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་རི་ལྡེབས་དང༌། བྲག་གསེབ་སོགས་སྐམ་ཤས་ཆེ་ཙམ་ཡོད་པའི་སར་སྐྱེ་བ་མང་། ལོ་མ་བོད་ཟླ་དྲུག་པའི་ནང་བཏུས་ཏེ་བསིལ་སར་བསྐམས་ནས་ནུས་བསྲེགས་བྱས་ཏེ་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་རྨ་གསོ་ཞིང་རུས་ཚད་སེལ་ལ་ཆུ་སེར་འདྲེན་པར་བྱེད་པ་ཡིན། |