102100

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨན་གྱི་ཆུ་ (1)
Part of speech མིང་ཚིག
Definition ག་བུར་དང༌། ཙན་དན་དཀར་པོ་ལྟ་བུ་ཤིན་ཏུ་བསིལ་བའི་སྨན་གྱིས་ནུས་པ་ཆུ་དང་མཐུན་པའི་ལས་བྱེད་པའི་ཆ་ནས་བཏགས་པ་ཞིག
Domain གསོ་རིག
སྨན་གྱི་ཆུ་ (2)
Part of speech མིང་ཚིག
Definition རླུང་མཁྲིས་བད་ཀན་ལྡན་འདུས་སེལ་བར་བྱེད་པའི་སྨན་ཆུ་རིགས་ལྔ།
སྨན་གྱི་ཆུ་ (3)
Part of speech མིང་ཚིག
Definition སྨན་ཁོང་དུ་འཕུལ་བར་བྱེད་པའི་ཆུ་སྟེ་རླུང་ལ་གར་ཆང་དང༌། མཁྲིས་པར་གངས་ཆུ། བད་ཀན་ལ་ཆུ་བསྐོལ་བཅས་སོ། །