102242

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:58, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨན་ལྷའི་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཀྱི་ཆོ་གར་གཏོགས་པའི་སྨན་ལྷའི་ཆོ་གའི་ལྷའི་རྟེན་གཏོར་ཡིན། རྒྱུ་ནི། འབྲུ་དཀར་གྱི་ཕྱེ་ལ་སྨན་སྣ་སོགས་བཏབ་ནས་བཅའ་སྟེ། བཅའ་སྟངས་ནི། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གྲུ་བཞིའི་སྟེང་དུ་པད་མ་འདབ་བརྒྱད་བསླང་བའི་ཐོག་ཏུ་ཞལ་ཟས་ནོར་བུའི་དབྱིབས་ཅན་བཞག ཅེས་དང་། ཡི་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། སྨན་ལྷ་ལ། ཏིང་ལོའི་སྟེང་དུ་བཤོས་བུ་ཆེ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། ཞེས་སོ། །དེའི་མཐུན་རྫས་ནི། དཀར་མངར་ཀྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། བཅུད་ཀྱི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་དགོས་ཏེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། །མཛེས་པའི་དར་གྱིས་ཡོལ་བར་བྱ། །ཞེས་སོ། །
Domain ཆོས་ལུགས།