102300

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨིན་པའི་ཡན་ལག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་འབྱེད་པའི་ལྡེ་མིག་ཡན་ལག་དྲུག་ལས་རྒྱུའི་ཡན་ལག་གི་ནང་གསེས་ཤིག་སྟེ། མཐར་ཐུག་གི་འབྲས་བུ་སྨིན་པར་བྱེད་པའི་ཕྱིར་སྨིན་པའི་ཡན་ལག་ཅེས་བྱ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་སྨིན་པའི་ཡན་ལག་འདི་ཉིད་ནི་བསྟན་པའི་དངོས་པོ་གང་ཞིག་འབྲས་བུ་ཆོས་ཀྱི་སྐུ་དམ་པ་ཉིད་དུ་ཡང་དག་པར་སྨིན་ཅིང་འགྲུབ་པར་བྱེད་པའི་རྒྱུ་ལ་བྱ་སྟེ་ངོ་བོ་དང་ངེས་ཚིག་ཀྱང་འགྲུབ་པར་འགྱུར་ལ། ཞེས་གསུངས། འདི་ལ་མཐོང་སྒོམ་གཉིས་སུ་ཕྱེ་བའང་དེ་ཉིད་ལས། མདོར་བསྡུ་ན། མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། སྒོམ་ལམ་དུ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དག་གོ ། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]