102361

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨེ་བ་དགུ་ (1)
Part of speech མིང་ཚིག
Definition མཚོན་བྱེད་སྦྲུལ་བའི་རུས་སྦལ་གྱི་བུ་ག་སྒོ་དགུ་ལས་བྱུང་བར་གླེང་བའི་སྨེ་བ་དགུ་སྟེ། གཅིག་དཀར་ལྷའི་མེ་ལོང་དང་། གཉིས་ནག་བདུད་ཀྱི་མེ་ལོང་། གསུམ་མཐིང་བསེན་མོའི་མེ་ལོང་། བཞི་ལྗང་ཀླུའི་མེ་ལོང་། ལྔ་སེར་ས་བདག་གི་མེ་ལོང་། དྲུག་དཀར་རྒྱལ་པོའི་མེ་ལོང་། བདུན་དམར་བཙན་གྱི་མེ་ལོང་། བརྒྱད་དཀར་ཡུལ་ལྷའི་མེ་ལོང་། དགུ་དམར་མ་མོའི་མེ་ལོང་བཅས་ཡིན། དེ་དགུའི་འབྱུང་ཁམས་ནི་དཀར་གསུམ་ལྕགས་ཞེས་གཅིག་དྲུག་བརྒྱད་གསུམ་གྱི་ཁམས་ལྕགས་དང་། དམར་གཉིས་མེ་ཞེས་བདུན་དགུ་གཉིས་ཀྱི་ཁམས་མེ། ནག་མཐིང་ཆུ་ཞེས་གཉིས་གསུམ་གཉིས་ཀྱི་ཁམས་ཆུ། བཞི་ལྗང་གི་ཁམས་ཤིང་། ལྔ་སེར་གྱི་ཁམས་ས་བཅས་ཡིན། སྨེ་བ་དེ་དག་ཁྲ་བོ་གླིང་དགུར་འགོད་སྟངས་ནི་སྔ་སེར་རུས་སྦལ་ལྟོ་བ་གབ་འགོད་སྟངས་ནི་ལྔ་སེར་རུས་སྦལ་ལྟོ་བ་གབ་ཞེས་དཀྱིལ་དུ་སྨེ་བ་ལྔ་སེར་དང་། ལི་ལ་དགུ་དམར་ཞེས་སྤར་ཁ་ལི་གནས་སའི་ཕྱོགས་ལྷོ་རུ་སྨེ་བ་དགུ་དམར། ཁོན་གཉིས་ནག་ཞེས་སྤར་ཁ་ཁོན་གནས་པའི་ཕྱོགས་བདེན་བྲལ་དུ་སྨེ་བ་གཉིས་ནག དྭ་ལ་བདུན་དམར་ཞེས་སྤར་ཁ་དྭ་གནས་སའི་ཕྱོགས་ནུབ་ཏུ་སྨེ་བ་བདུན་དམར། ཁེན་ལ་དྲུག་ཅེས་སྤར་ཁ་ཁེན་གནས་སའི་ཕྱོགས་རླུང་དུ་སྨེ་བ་དྲུག་དཀར། ཁམ་ལ་གཅིག་ཅེས་སྤར་ཁ་ཁམ་གནས་སའི་ཕྱོགས་བྱང་དུ་སྨེ་བ་གཅིག་དཀར། གིན་བརྒྱད་དཀར་ཞེས་སྤར་ཁ་གིན་གནས་སའི་ཕྱོགས་དབང་ལྡན་དུ་སྨེ་བ་བརྒྱད་དཀར། ཟིན་མཐིང་ཞེས་སྤར་ཁ་ཟིན་གནས་སའི་ཕྱོགས་ཤར་དུ་སྨེ་བ་གསུམ་མཐིང་། ཟོན་ལ་བཞི་ལྗང་ཞེས་སྤར་ཁ་ཟོན་གནས་སའི་ཕྱོགས་མེ་རུ་སྨེ་བ་བཞི་ལྗང་བཅས་ཡིན། བརྩི་བྱའི་ངོས་ནས་བཤད་ན་ཚེ་གང་བོར་མི་འགྱུར་བའི་སྲོག་ལུས་དབང་ཀླུང་བཞིའི་སྨེ་བ་རེ་རེ་དང་། བབས་སྨེ་ཞེས་པ་ལོ་རེ་བཞིན་དུ་འགྱུར་ནས་འགྲོ་བའི་སྨེ་བ་རེ་རེ་བཅས་ལྔ་ཡོད་ཅིང་། དེ་ལྔ་ལས་ལུས་སྨེ་ནི་རང་སྐྱེས་དུས་ཀྱི་གནམ་ལོའི་སྨེ་བ་ཡིན་པས་ཡོངས་གྲགས་སུ་སྐྱེས་སྨེ་ཞེས་བརྗོད་པ་དེ་ཡིན།
Domain རྩིས་རིག