102377
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་པོ་གང་ཞིག་རང་གི་བབས་སྨེ་བབས་ཉེས་ཀྱི་ཆ་ནས་ཚེ་ཟད་ལས་ཀྱིས་ཤི་བའི་དུས་ཏེ། ཤི་ལོའི་བབས་སྨེ་གནམ་ལོའི་སྨེ་བའི་སྟེང་དུ་ཕྱིན་པའི་ཁང་ཀེག་དང་། རང་གི་སྐྱེས་སྨེ་སྟེང་དུ་ཕྱིན་པའི་མལ་ཀེག སོ་སོའི་གཉིས་ནག་སྟེང་དུ་ཕྱིན་པའི་ཡུལ་ཀེག རང་སྐྱེས་སྨེ་བའི་དགྲ་སྟེང་དུ་ཕྱིན་པའི་ཁམས་ཀྱི་རྒྱལ་སྒོ་འགགས་པ་བཅས་སྨེ་བའི་ཀེག་ཕྲན་བཞིར་ཚུད་པའི་དུས་ལ་ཟེར་ཞིང་། དེ་མིན་སྨེ་བའི་ཤ་ཐེམས་ཞེས་པ་བཟའ་ཚང་སྤྱིར་རོ་འདོད་ཡོད་དུས་ཀྱང་སྨེ་བའི་འཆི་དུས་ཡིན། |
| Domain | རྩིས་རིག |