102415
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཏིང་ངེ་འཛིན་གསུམ་གྱི་ནང་གསེས་ཤིག་སྟེ། སྡུག་བདེན་གྱི་རྣམ་པ་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་གི་རྣམ་པ་བཞི། ལམ་བདེན་གྱི་རྣམ་པ་བཞི་བཅས་བཅུ་པོ་གང་རུང་ལ་དམིགས་ཤིང་དེ་གང་རུང་གི་རྣམ་པ་ཅན་གྱི་འཇིག་རྟེན་པའི་སྙོམས་འཇུག་དག་པ་བ་དང་ཟག་མེད་གང་རུང་གི་ཏིང་ངེ་འཛིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། སྨོན་པ་མེད་པ་ནི་གོང་གི་རྣམ་པ་དེ་དག་ལས་གཞན་པའི་ཡུལ་སྨོན་བྱ་མ་ཡིན་པའི་འདུས་བྱས་སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང༌། ཀུན་འབྱུང་གི་རྣམ་པ་བཞི་དང༌། ལམ་བདེན་ཡང་སྤྱིར་སྨོན་བྱ་ཡིན་ཀྱང་ལྷག་མེད་མྱང་འདས་ཀྱི་ཚེ་གཟིངས་ལྟར་སྤངས་དགོས་པས་ན་ལམ་བདེན་གྱི་རྣམ་པ་བཞི་དང་བཅས་པའི་བཅུ་པོ་གང་རུང་ལ་དམིགས་ཤིང༌། དེ་དག་གང་རུང་གི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ནོ། །ཞེས་དང་། དེ་ལ་དབྱེ་ན། ཟག་བཅས་ཀྱི་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། ཟག་མེད་ཀྱི་སྨོན་པ་མེད་པའི་ཏིང་ངེ་འཛིན་གཉིས་ཡོད་དེ། མཆིམས་མཛོད་ལས། ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་ཟག་བཅས་འཇིག་རྟེན་པ་དག་པ་པ་དང༌། (དེ་ཡང་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་གྱི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་ལ།) འཇིག་རྟེན་ལས་འདས་པ་དྲི་མ་མེད་པ་གཉིས་ཡིན་ལ། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སྨོན་པ་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལམ་གྱི་སྒོ་ནས་ཏིང་ངེ་འཛིན་གསུམ་དུ་ཕྱེ་བའི་ནང་གསེས་ཤིག་སྟེ། ཡུལ་སྨོན་བྱ་མ་ཡིན་པའི་འདུས་བྱས་ལ་དམིགས་ནས་ཡིད་འབྱུང་བའི་རྣམ་པ་ཅན་ལ། སྟོང་པ་དང་བདག་མེད་པས་ཀྱང་སྡུག་བསྔལ་གྱི་བདེན་པ་ལ་སྟོང་པ་དང་བདག་མེད་ཀྱི་རྣམ་པར་དམིགས་མོད་ཀྱི་དེ་གཉིས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱང་འདས་ཀྱི་མཚན་ཉིད་ཀྱང་ཡིན་ན་དེ་དག་གིས་མྱང་འདས་ལས་ཡིད་མི་འབྱུང་བ་ལྟར་སྡུག་བསྔལ་ལས་ཀྱང་ཡིད་མི་འབྱུང་ལ་འགོག་བདེན་ཀྱིས་ཀྱང་ཡིད་མི་འབྱུང་གི མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་གཉིས་དང་ཀུན་འབྱུང་གི་བདེན་པ་དང་ལམ་གྱི་བདེན་པའི་རྣམ་པ་བརྒྱད་པོའི་ནང་ནས་ལམ་གྱི་རྣམ་པ་བཞི་འདི་ལུང་བར་མ་ལས་རེ་ཞིག་བླང་བྱ་ཡིན་ཡང་། འདུས་བྱས་ཡིན་པས་ཆུ་རྒལ་བའི་གཟིངས་ལྟར་ལྷག་མེད་དུ་འཇུག་པ་ན་ངེས་པར་འདོར་བས་སྤང་བྱར་གསུངས་པས་སྡུག་བསྔལ་གྱི་བདེན་པའི་རྣམ་པའི་ཕྱི་མ་གཉིས་དང་འགོག་བདེན་གྱི་རྣམ་པ་བཞི་སྟེ་དྲུག་པོ་དེ་དག་ལས་གཞན་པ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དང་པོ་གཉིས་དང་ཀུན་འབྱུང་དང་ལམ་གྱི་བདེན་པའི་རྣམ་པ་བརྒྱད་དེ་རྣམ་པ་བཅུ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ནོ། །གཞན་སློབ་དཔོན་ཐོགས་མེད་དང་སེང་གེ་བཟང་པོ་ལ་སོགས་པས་ནི། སྨོན་པ་མེད་པ་ནི་དེ་དག་གིས་ཁམས་གསུམ་ལ་སྨོན་པ་ལྡོག་པའི་ཕྱིར་མི་རྟག་པ་དང་སྡུག་བསྔལ་བ་དང་ཀུན་འབྱུང་གི་རྣམ་པ་བཞི་སྟེ་དྲུག་ལྡན་དུ་བཤད་དོ། ། |
{{#arraymap:སྨོན་པ་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དམིགས་པ་ཅི་རིགས་པ་དང་། རྣམ་པ་གོང་གི་དྲུག་པོ་(སྡུག་བདེན་གྱི་སྟོང་བདག་མེད་གཉིས་དང་། འགོག་བདེན་གྱི་རྣམ་པ་བཞི་སྟེ་དྲུག་གོ་)དེ་ལས་གཞན་པ་བདེན་པ་ལྷག་མའི་རྣམ་པ་དང་མཚུངས་པར་ལྡན་པ་སྟེ་རྣམ་པ་བཅུ་ཡིན་ནོ། །དེ་ནི་འདི་ལྟར་ཡུལ་དེ་ལ་མ་ཞེན་པར་འདོར་བར་ཕྱོགས་པ་ནི་སྨོན་མེད་ཡིན་ལ། སྡུག་བསྔལ་གྱི་གཉིས་དང་ཀུན་འབྱུང་གི་རྣམ་པར་དམིགས་པས་ནི་དེ་ལས་ཡིད་འབྱུང་བའི་ཕྱིར་དང་། ལམ་ཡང་གཟིངས་ལྟར་གདོན་མི་ཟ་བར་དོར་བྱར་ཤེས་པས་འདའ་བར་མངོན་དུ་ཕྱོགས་པའི་ཕྱིར་དེའི་རྣམ་པ་ཅན་ཡང་སྨོན་མེད་དུ་རིགས་སོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། ༢. འདུས་བྱས་ལ་དམིགས་ནས་སྡུག་ཀུན་གྱི་རྣམ་པ་དྲུག་དང་། ལམ་གྱི་རྣམ་པ་བཞི་པོ་གང་རུང་གི་རྣམ་པར་ཅན་གྱི་ཏིང་ངེ་འཛིན་ཏོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
{{#arraymap:སྨོན་པ་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}