102437

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་བྱུང་བ་སྟེ། ༡ ཆོས་ཐམས་ཅད་གཟོད་མ་ནས་མི་སྐྱེ། མི་འགག་ཡོད་པ་མ་ཡིན། མེད་པའང་མ་ཡིན་པ་དག་ལ་སེམས་བདེ་བར་གནས་པ། ༢ ཆོས་ཐམས་ཅད་ཀྱི་དོན་གྱི་ཚུལ་མཆོག་དམ་པ་དག་ལ་དྲི་མ་དང་བྲལ་ཞིང་རྣམ་པར་དག་པ་སོ་སོར་བརྟགས་ནས་སེམས་བདེ་བར་གནས་པ། ༣ མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པའི་སེམས་ཀྱི་དེ་བཞིན་ཉིད་མངོན་པར་འདུ་བྱ་བ་མེད་པ། སྤྱོད་པ་མེད་པ། ཐ་དད་པ་མ་ཡིན་པ། མི་གཡོ་བ་དག་ལ་སེམས་བདེ་བར་གནས་པ། ༤ སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་དག་ལ་སེམས་བདེ་བར་གནས་པ། ༥ ཞི་གནས་དང་། ལྷག་མཐོང་དུས་གཅིག་ཏུ་མཉམ་པར་སྤྱོད་པ་དག་ལ་སེམས་བདེ་བར་གནས་པའོ། །
Domain ཆོས་ལུགས།