102537
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྔོ་ལྗང་ཧྲིལ་ཞིང་ཁོང་སྟོང་ཅན་འདྲོང་ལ་ཚིགས་པ་མང་པོ་ཡོད་པའི་ཚིགས་མཚམས་ནས་ཡལ་ག་གྱེས་ཤིང་རྒས་ཚེ་སེར་སྐྱར་གྱུར་པ། ལོ་མ་ལྗང་སེར་སྲབ་ལ་རྩུབ་པའི་རྒྱབ་ལྗང་སྐྱ་རལ་གྲིའི་དབྱིབས་ཅན་དེ་ལྗང་པའི་སྐྱེ་ལུགས་དང་འདྲ་བར་ལོ་མའི་སྨད་ཀྱི་སྡོང་པོ་བཏུམས་ནས་རེས་མོས་སུ་སྐྱེ་ཞིང༌། ལོ་མའི་མཐའ་མཉམ་ལ་རྒྱབ་མདུན་གཉིས་ཀར་སྤུ་ཐུང་ངུ་ཐར་ཐོར་ཡོད་པའོ། །སྨན་དུ་དགོས་པ་ནི་ཚི་བ་སྟེ། འདི་ལེན་པའི་ཐབས་ནི་སྨྱུག་མའི་སྡོང་བུ་གསར་པ་བཅད་མ་ཐག་རིང་ཐུང་སྨིད་ ༠་༣.་་་་་༠་༤. ཙམ་དུ་དུམ་བུར་བཅད་ལ་སྣེ་གཉིས་ཀྱི་སྨྱུག་ཚིགས་དོར་ནས་གཞུང་གཤགས་བཏང༌། དེ་ནས་ཐབ་ཀྱི་སྟེང་བཞག་ལ་དཀྱིལ་ནས་མེ་ཡིས་དལ་བུས་བསྲེགས་ཏེ་སྣེ་གཉིས་ལ་སྣོད་གཟེད་པས་ཚི་ཁུ་འབབ་འོང་བ་དེ་དང༌། ཡང་གསར་དུ་སྐྱེས་པའི་སྨྱུག་མ་གཞོན་ནུའི་ཕྱིའི་རྩི་བཤུས་ནས་ཁཎྜ་བཟོས་པ་སྟེ། བོད་ཀྱི་སྤོ་ཡུལ་དང༌། ཉིང་ཁྲི། སྨིན་གླིང༌། གྲོ་མོ། སྐྱིད་གྲོང་སོགས་ཀྱི་ནགས་གསེབ་ཏུ་སྐྱེ་བ། ཚི་བ་བོད་ཟླ་བདུན་པའི་ནང་ལེན་ནས་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་བྱང་ཁོག་ནང་གི་རྨར་ཚ་བ་རྒྱས་པ་དང༌། མོ་ནད་ཁྲག་ཚབས། ཚད་པ་རྙིང་པ་སོགས་ལ་ཕན། གཞན་ཡང་མཁལ་མའི་ཟུངས་འཛིན་པར་བྱེད་པ་ཡིན། |