From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྨྲ་བ་ཆད་པས་གཅོད་པ་རྣམ་པ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། གཏམ་རྗེས་གཅད་པ་ནི། རང་གི་སྨྲ་བའི་སྐྱོན་ཁས་བླངས་པ་དང༌། གཞན་གྱི་སྨྲ་བའི་ཡོན་ཏན་ཁས་བླངས་པའོ། །གཏམ་འཕྲོ་ལུས་པ་ནི། གཞན་ནས་གཞན་དུ་བརྒྱུད་པའམ། གཏམ་གཞན་སྨྲ་བ་སྟེ་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཏམ་གྱི་ཉེས་པ་ནི། ཅལ་ཅོལ་དང༌། འཁྲུགས་པ་དང༌། བརྡ་ཕྲད་དུ་མི་རུང་བ་དང༌། རན་པ་མ་ཡིན་པ་དང༌། དོན་དང་ལྡན་པ་མ་ཡིན་པ་དང༌། དུས་ཚིགས་མ་ཡིན་པར་སྨྲ་བ་གང༌། མི་བརྟེན་པ་དང༌། མི་གསལ་བ་དང་། ཚིག་རྒྱུན་ཆགས་པ་མ་ཡིན་པའོ། །
|
| Domain
|
ཆོས་ལུགས།
|
སྨྲ་བ་ཆད་པས་གཅོད་པ་རྣམ་པ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། བརྗོད་པ་གཏོང་བ། བརྗོད་པ་སྨྲ་ཕབ་པ། བརྗོད་པའི་ཉེས་པའོ། །
|