102588
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣམ་པར་བཤད་པའི་རིགས་པ་ལས་བྱུང་བ་སྟེ། ༡ སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་སྤྱོད་ལམ་གྱི་སྐྱོན། ༢ འགྱིང་བའི་སྐྱོན། ༣ དོན་དུ་མི་གཉེར་བའི་སྐྱོན་དང༌། ༤ གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན། ༥ མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན། ༦ སུན་ཕྱིན་ཅི་ལོག་ཏུ་བརྒལ་བའི་བསམ་པའི་སྐྱོན། ༧ ཆོས་དང་ཆོས་སྨྲ་བ་ལ་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མི་བྱེད་པའི་སྐྱོན། ༨ སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན། ༩ སྨོན་པའི་སྐྱོན། ༡༠ རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱི་སྐྱོན། ༡༡ རྣམ་པར་གཡེངས་པ་དང་བསྡུས་པ་གཉིས་ཀྱིས་མི་ཉན་པའི་སྐྱོན། ༡༢ ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན། ༡༣ རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་བཅས་སོ། ། |
| Domain | ཆོས་ལུགས། |